9083

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:01, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གཞི་ཤེས་ཀྱི་ཤེས་རྣམ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། མཚན་ཉིད། གཞི་འཕགས་པའི་བདེན་པ་བཞིའི་སྟེང་གི་གང་ཟག་གི་བདག་མེད་དང་། གཟུང་བ་ཆོས་ཀྱི་བདག་མེད་གང་རུང་རྟོགས་པའི་རྟོགས་རིགས་སུ་གྱུར་པ། དབྱེ་ན། བདེན་པ་དང་པོ་གསུམ་གྱི་རྣམ་པ་བཅུ་གཉིས། ལམ་བདེན་གྱི་རྣམ་པ་བཅོ་ལྔ་སྟེ་ཉེར་བདུན་ནོ་ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས་སོ། །གཞི་ཤེས་ཀྱི་སྐབས་སུ་ཐོས་བསམ་གྱིས་གཏན་ལ་ཕབ་པ་དེ་ཉིད་རྣམ་པར་བསྡུ་ན་མེད་པའི་རྣམ་པ་སོགས་ཉེར་བདུན་དུ་འདུ་ཞེས་པའི་དོན་ནོ། །དེ་ལ་བདེན་པ་དང་པོ་གསུམ་གྱི་རྣམ་པ་བཅུ་གཉིས། ལམ་བདེན་གྱི་ལམ་དང་པོའི་རྣམ་པ་བཞི་སྟེ་བཅུ་དྲུག་ནི་འཕགས་སེང་གཉིས་ཀྱིས་མངོན་པ་ལས་བཤད་པའི་མི་རྟག་ལ་སོགས་བཅུ་དྲུག་དང་སྦྱར་བས་ཉན་ཐོས་ཀྱི་རྟོགས་རིགས་ཏེ། མཉམ་གཞག་ཏུ་མེད་པའི་རྣམ་པ་སོགས་བཅུ་དྲུག་མངོན་སུམ་དུ་རྟོགས་པས་རྗེས་ཐོབ་ཏུ་མི་རྟག་ལ་སོགས་བཅུ་དྲུག་ལ་ངེས་ཤེས་འདྲེན་ནུས་པ་ནི་ཉན་ཐོས་ལ་ཡོད་པའི་ཕྱིར་རོ། །འདིར་མེད་པའི་རྣམ་པ་སོགས་བཅུ་དྲུག་ནི་སྐྱེ་མེད་རྟོགས་པའི་རྣམ་པ་ཡིན་ཡང། བྱམས་ཆོས་ཀྱི་ལུགས་ལ་གང་ཟག་གི་བདག་མེད་རྟོགས་པར་བསྡུ་ཞིང། ཀླུ་སྒྲུབ་ཀྱིས་དེ་ཉིད་ལ་ཆོས་ཀྱི་བདག་མེད་རྟོགས་པར་བྱས་ནས་ཉན་ཐོས་ཀྱིས་ཀྱང་བདག་མེད་གཉིས་ཀ་རྟོགས་པར་བཞེད་དོ། །ལམ་བདེན་གྱི་ལམ་གཉིས་པའི་རྣམ་པ་ལྔ། གསུམ་པའི་རྣམ་པ་དྲུག་སྟེ་བཅུ་གཅིག་ནི་གཟུང་བ་ཆོས་ཀྱི་བདག་མེད་རྟོགས་པའི་བློ་ཡིན་པས་རང་རྒྱལ་གྱི་རྟོགས་རིགས་ཡིན་ནོ་ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་ཟབ་མོ་ལས་སོ། །
Domain ཆོས་ལུགས།

{{#arraymap:གཞི་ཤེས་ཀྱི་ཤེས་རྣམ་

|; |@@@ | | }}

གཞི་ཤེས་ཀྱི་ཤེས་རྣམ་ (2)
Part of speech མིང་ཚིག
Definition གཞི་སྐྱེ་མེད་དུ་རྟོགས་པའི་འཛིན་སྟངས་དེ། གཞི་ཤེས་ཀྱི་ཤེས་རྣམ་གྱི་མཚན་ཉིད། དེ་ལ་དབྱེ་ན། གང་ཟག་གི་བདག་མེད་རྟོགས་པའི་གཞི་ཤེས་ཀྱི་ཤེས་རྣམ་དང། བདག་མེད་གཉིས་ཀ་རྟོགས་པའི་གཞི་ཤེས་ཀྱི་ཤེས་རྣམ་གཉིས། ཆོས་ཅན་གྱི་སྒོ་ནས་དབྱེ་ན། བདེན་པ་དང་པོ་གསུམ་གྱི་རྣམ་པ་བཅུ་གཉིས་དང། ལམ་བདེན་གྱི་རྣམ་པ་བཅོ་ལྔ་སྟེ་ཉེར་བདུན་ནོ། །མདོར་བསྡུ་ན། གཞི་ཤེས་ཀྱི་ཤེས་རྣམ་ནི། གཞི་ཤེས་ཀྱི་འཛིན་སྟངས་དངོས་སམ་དེ་དང་རྗེས་སུ་མཐུན་པ་གཅིག་ཡིན་ལ། རྗེས་སུ་མཐུན་པ་ནི་ཚོགས་སྦྱོར་གྱི་གནས་སྐབས་ན་ཡང་ཡོད་ཅིང། དེ་སྒོམ་པ་ལ་གཞི་ཤེས་ཀྱི་རྣམ་པ་སྒོམ་པར་གཞག་གོ ། གཞི་ཤེས་ཀྱི་འཛིན་སྟངས་དངོས་ནི་འཕགས་པ་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པ་ཡིན་ལ། དེ་ཡང་སངས་རྒྱས་ཀྱི་རྒྱུད་ལ་ཡོད་པ་ནི་རྣམ་མཁྱེན་གྱི་ཤེས་རྣམ་དུ་འདུ། ཉན་རང་འཕགས་པའི་རྒྱུད་ལ་ཡོད་པ་ནི་སྤྱིར་གཞི་ཤེས་མཚན་ཉིད་པ་ཡིན་ཀྱང་། འདིར་བསྟན་གྱི་བསྒོམ་བྱ་ཤེས་རྣམ་མཚན་ཉིད་པ་མིན། འདིར་བསྟན་གྱི་བསྒོམ་བྱ་ཤེས་རྣམ་ནི་བྱང་སེམས་ཀྱི་རྒྱུད་ལ་ཡོད་པ་ཁོ་ནའོ་ཞེས་པཎ་ཆེན་ཤཱཀ་མཆོག་གི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་གསུངས།

{{#arraymap:གཞི་ཤེས་ཀྱི་ཤེས་རྣམ་

|; |@@@ | | }}

གཞི་ཤེས་ཀྱི་ཤེས་རྣམ་ (3)
Part of speech མིང་ཚིག
Definition ཐེག་དམན་གྱི་རྟོགས་རིགས་སུ་གནས་པའི་འཕགས་རྒྱུད་ཀྱི་མཁྱེན་པ་དང། ཐེག་དམན་གྱི་མཁྱེན་པ་གང་རུང་གིས་བསྡུས་པའི་འཕགས་རྒྱུད་ཀྱི་མཁྱེན་པར་དམིགས་པ། གཞི་ཤེས་ཀྱི་ཤེས་རྣམ་གྱི་མཚན་ཉིད་ཡིན། དེ་ལ་དབྱེ་ན། ཉེར་བདུན་ཡོད་དེ། བདེན་པ་དང་པོ་གསུམ་སོ་སོ་ལ་བརྟེན་པ་བཞི་བཞི་སྟེ་བཅུ་གཉིས། ལམ་བདེན་ལ་བརྟེན་པ་བཅོ་ལྔ་རྣམས་སུ་ཡོད་པའི་ཕྱིར།

{{#arraymap:གཞི་ཤེས་ཀྱི་ཤེས་རྣམ་

|; |@@@ | | }}

གཞི་ཤེས་ཀྱི་ཤེས་རྣམ་ (4)
Part of speech མིང་ཚིག
Definition བཀྲས་ལྷུན་ཤར་རྩེའི་ཡིག་ཆར། རང་ཡུལ་ལ་སྒྲོ་འདོགས་པའི་སྒྲོ་འདོགས་ལ་གནོད་བྱེད་ཀྱི་འཕགས་རྒྱུད་ཀྱི་མཁྱེན་པ་གང་ཞིག ཐེག་དམན་གྱི་རྟོགས་རིགས་སུ་གནས་པ་དེ། གཞི་ཤེས་ཀྱི་ཤེས་རྣམ་གྱི་མཚན་ཉིད་ཡིན། དེ་དང་དེའི་གཟུང་རྣམ། དེའི་རྣམ་པ། གཞི་ཤེས་ཀྱི་རྣམ་པ་དོན་གཅིག། གཉེན་པོ་ཤེས་རྣམ་ལ་དབྱེ་ན། གཞི་ཤེས་ཀྱི་དེ་ཉེར་བདུན། ལམ་ཤེས་ཀྱི་དེ་སོ་དྲུག རྣམ་མཁྱེན་གྱི་དེ་བརྒྱ་དང་བཅུ་སྟེ། བརྒྱ་བདུན་ཅུ་རྩ་གསུམ་ཡོད།

{{#arraymap:གཞི་ཤེས་ཀྱི་ཤེས་རྣམ་

|; |@@@ | | }}