9084

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:01, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གཞི་ཤེས་ཀྱི་སྐབས་སུ་བསྟན་པའི་བྱང་སེམས་ཀྱི་སྦྱོར་བ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། བྱང་འཕགས་ཀྱི་རྒྱུད་ཀྱི་གཞི་ཤེས་ཐོབ་པའི་ཐབས་སུ་གྱུར་བའི་སྦྱོར་བ་ཞིག་ལ་འཇོག མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་མཐའ་དཔྱོད་སྟོད་ཆ་ལས། གཞི་ཀུན་རྫོབ་པའི་སྡོད་ལུགས་ཀྱི་ངོ་བོ་དང་ཁྱད་པར་ལ་ཕྱིན་ཅི་ལོག་ཏུ་ཞེན་པ་དང་། དོན་དམ་པའི་སྡོད་ལུགས་ལ་ཕྱིན་ཅི་ལོག་ཏུ་ཞེན་པ་གང་རུང་གི་གཉེན་པོར་སྒོམ་པའི་སེམས་དཔའི་རྣལ་འབྱོར་དེ། གཞི་ཤེས་ཀྱི་སྐབས་སུ་བསྟན་པའི་བྱང་སེམས་ཀྱི་སྦྱོར་བའི་མཚན་ཉིད། ས་མཚམས་ཚོགས་ལམ་ནས་རྒྱུན་མཐའི་བར་ན་ཡོད། དེ་ཡང་སྐབས་འདིར་བསྟན་པའི་བྱང་སེམས་ཀྱི་སྦྱོར་བ་ལ་དུ་མ་ཡོད་དེ། ཡུལ་གྱི་སྒོ་ནས་དབྱེ་བ་བཞི། ངོ་བོའི་སྒོ་ནས་དབྱེ་བ་གསུམ། བྱེད་ལས་ཀྱི་སྒོ་ནས་དབྱེ་བ་གཉིས། ཤེས་བྱེད་ཀྱི་དཔེའི་སྒོ་ནས་དབྱེ་བ་གཅིག་ཏུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། ཁྱད་གཞི་ལ་བདེན་ཞེན་བཀག་པའི་བྱང་སེམས་ཀྱི་སྦྱོར་བ། ཁྱད་ཆོས་ལ་བདེན་ཞེན་བཀག་པའི་བྱང་སེམས་ཀྱི་སྦྱོར་བ། ཡོན་ཏན་གྱི་རྟེན་དུ་རྫོགས་མ་རྫོགས་ལ་བདེན་ཞེན་བཀག་པའི་བྱང་སེམས་ཀྱི་སྦྱོར་བ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ངོ་བོའི་སྒོ་ནས་དབྱེ་བ་གསུམ་ཡོད་དེ། ལས་སུ་བྱ་བ་ལ་བདེན་ཞེན་བཀག་པའི་བྱང་སེམས་ཀྱི་སྦྱོར་བ། བྱེད་པ་པོ་ལ་བདེན་ཞེན་བཀག་པའི་བྱང་སེམས་ཀྱི་སྦྱོར་བ། བྱ་བ་འབྲས་བུ་ལ་བདེན་ཞེན་བཀག་པའི་བྱང་སེམས་ཀྱི་སྦྱོར་བ་གསུམ་ཡོད་པའི་ཕྱིར། གསུམ་པ་བྱེད་ལས་ཀྱི་སྒོ་ནས་དབྱེ་བ་གཉིས་ཡོད་དེ། སྐལ་བ་ཇི་ལྟ་བ་བཞིན་དུ་འབྲས་བུ་ཐོབ་པའི་བྱང་སེམས་ཀྱི་སྦྱོར་བ་དང། ཕན་ཡོན་དང་ལྡན་པའི་སྒོ་ནས་གཞན་ལ་རག་མ་ལུས་པའི་བྱང་སེམས་ཀྱི་སྦྱོར་བ་གཉིས་སུ་ཡོད་པའི་ཕྱིར། བཞི་པ་ཤེས་བྱེད་ཀྱི་དཔེའི་སྒོ་ནས་སྣང་བ་རྣམ་བདུན་ལ་བདེན་ཞེན་བཀག་པའི་སྦྱོར་བ་བཅས་ཡོད་དོ། །
Domain ཆོས་ལུགས།