9192

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:02, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གཞུང་ (1)
Part of speech མིང་ཚིག
Definition རྒྱལ་ཁབ་ཅིག་གི་སྲིད་འཛིན་ལས་ཁུངས་ལ་གཞུང་ངམ་སྲིད་གཞུང་ཟེར་ཞིང་། སྲིད་གཞུང་ནི་རྒྱལ་ཁབ་བམ་མངའ་སྡེ་དེའི་འཛིན་སྐྱོང་གི་མ་ལག་ལ་གོ་དགོས། དེ་ལ་རྒྱལ་པོའི་ལམ་ལུགས་ཀྱི་སྲིད་གཞུང་དང་། དམར་ཤོག་སྲིད་གཞུང་། མང་གཙོའི་སྲིད་གཞུང་སོགས་ཡོད་པ་རེད།
Example སྲིད་གཞུང་གི་བཀའ་རྒྱ། མངའ་སྡེའི་སྲིད་གཞུང་། རྒྱལ་པོའི་ལམ་ལུགས་ཀྱི་གཞུང་ལྟ་བུ།
Antonyms སྒེར།
གཞུང་ (2)
Part of speech མིང་ཚིག
Definition སྤྱིའམ་ཐུན་མོང་གི་སྒྲིག་འཛུགས་མ་ལག་སྟེ།
Example དགོན་པ་གཞུང་གིས་གདན་འདྲེན་བྱས། སྒེར་ལས་གཞུང་གཙོ་བ་ལྟ་བུ།
Antonyms སྒེར།
གཞུང་ (3)
Part of speech མིང་ཚིག
Definition རིགས་པའི་གཞུང་ལུགས་ཀྱི་བསྟན་བཅོས་སམ་དཔེ་ཆའི་མིང་སྟེ།
Example གཞུང་བཀའ་པོད་ལྔ་ལ་ཐོས་བསམ་བྱས། གཞུང་ཆེན་མོའི་དཀའ་གནད་སྐོར་གྱི་རྩོམ་ཡིག་བྲིས། སྨན་གཞུང་གི་བརྡ་ཆད་ལྟ་བུ།
གཞུང་ (1)
Part of speech རྒྱན་ཚིག
Definition སྲིད་དམ་དཀྱུས་ཀྱི་དོན་ཏེ།
Example ཆུ་གཞུང་། ལ་གཞུང་ལུང་གཞུང་བརྒྱུད་ནས་བཙལ་ལྟ་བུ།
གཞུང་ (2)
Part of speech རྒྱན་ཚིག
Definition མིའི་རང་བཞིན་ནམ། ངང་རྒྱུད་དང་གཤིས་ཀའི་མིང་སྟེ།
Example མི་གཞུང་དྲང་ལྷག་བསམ་ཟོལ་མེད་ལྟ་བུ།
གཞུང་ (3)
Part of speech རྒྱན་ཚིག
Definition དངོས་པོ་གང་ཞིག་གི་དཀྱིལ་ལམ་དབུས་ཀྱི་དོན་ཏེ།
Example ཐང་གཞུང་དུ་སྦྲ་གུར་ཕུབ། ལྕེ་གཞུང་ལྟ་བུ།