9345

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:04, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གཞོན་ནུ་ཚུལ་ཁྲིམས་ (1)
Part of speech མིང་ཚིག
Definition ཕྱི་ལོའི་དུས་རབས་བཅུ་གཅིག་པའི་མཇུག་དུ་འཁྲུངས། ཐོག་མར་བོད་ཡུལ་ནས་སློབ་གཉེར་མཛད། བལ་ཡུལ་དང་། ཁ་ཆེ། རྒྱ་གར་སོགས་སུ་ཕེབས། པཎ་གྲུབ་མང་པོའི་ཞབས་ལ་གཏུགས། རྒྱ་གཞུང་དང་ལེགས་སྦྱར་བཅས་ལ་སྦྱངས་པ་ཡང་དག་པར་མཛད་པའི་གྲགས་ཅན་གྱི་ལོ་ཙཱ་བ་ཞིག་ཡིན། བསྒྱུར་རྩོམ་ནི་བཀའ་འགྱུར་ལས་ཡོ་ག་བཤད་པའི་རྒྱུད་རྡོ་རྗེ་རྩེ་མོ་རྟོག་པ་བཅུ་བ་ལས་རྡོ་རྗེ་མཚན་བརྒྱས་གསོལ་བ་བཏབ་པ་ཡན་ཆད་རྟོག་པ་བམ་པོ་བཅུ་གཉིས་པ་དང་། བསྟན་འགྱུར་ལས་དཔལ་སངས་རྒྱས་མཁའ་འགྲོའི་སྒྲུབ་ཐབས། སྒྱུ་འཕྲུལ་ཆེན་མོའི་དཀྱིལ་འཁོར་གྱི་ཆོ་གའི་རིམ་གསལ་བ། རིམ་ལྔའི་བཤད་པ་ནོར་བུའི་ཕྲེང་བ། ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གནོད་སྦྱིན་དྲག་པོ་ཆེན་པོ་རྡོ་རྗེ་མེ་ལྕེའི་རྒྱུད་ཀྱི་འགྲེལ་བ། ལས་ཀྱི་རིམ་པ་མུ་ཏིག་ཕྲེང་བ། འཕགས་པ་ཕྱག་ན་རྡོ་རྗེ་སོགས་སྔོན་ཅན་གྱི་སྒྲུབ་ཐབས། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན་ཅན་གྱི་སྒྲུབ་ཐབས་ཆེ་བ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གསོ་སྔོན་ཅན་གྱི་སྒྲུབ་ཐབས་ཆུང་བ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན་ཅན་གྱི་དཀྱིལ་འཁོར་གྱི་ཆོ་ག་ལུང་བསྟན་སྦྱོར་བའི་མན་ངག རྡོ་རྗེ་ལས་ཀྱི་ཚོགས་རིམ་པར་ཕྱེ་བ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན་ཅན་གྱི་སྦྱོར་ཁ་ཆེན་པོའི་ཆོ་ག ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གྱི་གཏོར་མའི་ཆོ་ག ཚོགས་ཀྱི་འཁོར་ལོའི་སྦྱོར་ཀ། ཞི་བའི་སྦྱིན་སྲེེེག་གི་སྦྱོར་ཀ རྒྱས་པའི་སྦྱིན་སྲེག་གི་སྦྱོར་ཀ དབང་གི་སྦྱིན་སྲེག་གི་སྦྱོར་ཀ དྲག་པོའི་ལས་ཀྱི་སྦྱོར་ཀ བསྡུས་པའི་ལས་ཀྱི་སྦྱོར་ཀ ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གྱི་སྦྱིན་སྲེག་གི་ཆོ་ག མཎྜལ་གྱི་སྦྱོར་ཀ རྒྱུད་སྣ་ཚོགས་ལས་བཏུས་པའི་གཏོར་མའི་ཆོ་ག་བཅས་བཞུགས།