9347

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:04, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད་ (1)
Part of speech མིང་ཚིག
Definition འདི་ནི་མདོ་མཁར་བ་ཚེ་རིང་དབང་རྒྱལ་གྱིས་རབ་བྱུང་བཅུ་གཉིས་པའི་ས་བྱི་ཕྱི་ལོ་ ༡༧༡༨ ལོར་བརྩམས་པའི་སྒྲུང་རྩོམ་ཕུལ་དུ་བྱུང་བ་ཞིག་ཡིན། རྩོམ་འདིར་རྩོམ་མཁན་གྱིས་གཞོན་ནུ་ཟླ་མེད་དང་། ཡིད་འོང་མ། ལྷ་ལས་ཕུལ་བྱུང་ལ་སོགས་པའི་རང་གཤིས་གསལ་ཞིང་གསོན་ཉམས་ལྡན་པའི་མི་སྣའི་གཟུགས་བརྙན་མང་པོ་གསར་བཟོ་བྱས་ནས་དུས་སྐབས་དེའི་བོད་ཀྱི་མཐོ་རིམ་ཤོག་ཁག་གི་འཚོ་བ་དང་། ཆབ་སྲིད་སྐྱོང་ལུགས། དེ་དག་ཕན་ཚུན་བར་གྱི་འབྲེལ་བ་ལ་སོགས་པ་ཕྱོགས་མང་པོ་ནས་ཞིབ་འབྲི་བྱས་ཏེ་བོད་བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་ཀྱི་ཉེས་དམིགས་སུ་འགྲོ་བའི་གནས་ཚུལ་སོགས་ཚུར་སྣང་གང་ལེགས་མཛད། གཞན་ཡང་རྩོམ་མཁན་གྱིས་སངས་རྒྱས་ཆོས་ལུགས་ཀྱི་ལྟ་ཚུལ་བཟུང་ནས། འཁོར་བའི་ཕུན་ཚོགས་ཇི་ཙམ་ལོངས་སུ་སྤྱད་ཀྱང་ཡིད་མི་ངོམས་པ་ཞིག་ཡིན་པས་དེ་ལས་བློ་ལོག་སྟེ་མཐར་ཐུག་གི་བདེ་བ་ཐར་པ་དོན་གཉེར་བའི་གནས་ལུགས་ཀྱང་མངོན་པར་བསྟན་ཡོད།