9348

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:04, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གཞོན་ནུ་འོད་ (1)
Part of speech མིང་ཚིག
Definition ཕྱི་ལོའི་དུས་རབས་བཅུ་བཞི་པའི་ནང་དུའཁྲུངས། པཎ་གྲུབ་མང་པོའི་ཞབས་ལ་གཏུགས། ལེགས་སྦྱར་གྱི་སྐད་ཡིག་ལ་སྦྱངས་པ་དཔྱིས་ཕྱིན་པའི་ལོ་ཙཱ་བ་ཞིག་ཡིན། བསྒྱུར་རྩོམ་ནི་བསྟན་འགྱུར་ལས་འཕགས་མ་སྒྲོལ་མ་ཀུ་རུ་ཀུ་སླེའི་བསྟོད་པ་དང་། ཀུ་རུ་ཀུ་སླེའི་སྒྲུབ་ཐབས། འཕགས་མ་ལྷ་མོ་སྒྲོལ་མའི་བསྟོད་པ་དོན་ཐམས་ཅད་གྲུབ་པ། འཕགས་པ་སྒྱུ་འཕྲུལ་དྲ་བའི་རིམ་པས་རྗེ་བཙུན་མའི་སྒྲུབ་ཐབས། མཚན་ཡང་དག་པར་བརྗོད་པ་ཀློག་པའི་མན་ངག རྣམ་པ་ཉི་ཤུས་བྱང་ཆུབ་རིམ་པས་བཅོམ་ལྡན་འདས་འཇམ་དཔལ་སྒྲུབ་པའི་ཐབས། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་དཀྱིལ་འཁོར་གྱི་ཆོ་ག འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་དཀྱིལ་འཁོར་ཐམས་ཅད་ལ་བསྟོད་པ། ཡི་གེ་དྲུག་པའི་རྒྱུད་ཀྱི་རིམ་པའི་དཀྱིལ་འཁོར་བསྟན་པའི་སྒྲུབ་ཐབས་བཅས་བཞུགས།