9388

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:05, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གཟན་ (1)
Part of speech མིང་ཚིག
Definition གྲྭ་པ་ཚོས་སྟོད་ལ་གྱོན་རྒྱུའི་གོས་གྲུ་བཞི་ནར་དབྱིབས་ཅན་རིང་པོ་ཞིག་སྟེ། རྒྱུད་སྟོད་གྲྭ་ཚང་གི་ལུགས་ལ། སྐུ་གཟན་ལྟ་བུ་ལ་མཚོན་ན་དབྱར་དུས་སུ་ཐེར་གཟན་འབུར་སྒྲིལ་མ་དང་དགུན་དུས་སུ་སྤུ་ཕྲུག་ཐེ་བརྒྱ་མ་ལྟ་བུ་བཞེས་མི་ཆོག་པ་ཡིན།
Example གཟན་ཤམ། གཟན་སྒྲོག གཟན་དང་ཤམ་ཐབས་གྱོན་ལྟ་བུ།
གཟན་ (2)
Part of speech མིང་ཚིག
Definition ཟས་སམ་གཟན་ཆས་ཀྱི་མིང་སྟེ།
Example བ་ཕྱུགས་གཟན་གྱིས་གསོས། བྱ་རྒོད་དུར་ཁྲོད་ཀྱི་གཟན་ལ་འཁོར་ལྟ་བུ།
གཟན་ (3)
Part of speech མིང་ཚིག
Definition བཟའ་བྱའི་དངོས་པོ་གང་ཞིག་ཟ་མཁན་ནམ་ལེན་མཁན་གྱི་མིང་སྟེ།
Example སྒོ་ཕྱུགས་རྩྭ་གཟན། ཤ་གཟན་གདུག་པ་ཅན། དཔོན་པོ་རྒྱུ་གཟན། ལྟ་བུ།
གཟན་ (1)
Part of speech བྱ་ཚིག
Definition གནོད་པའི་དོན་ཏེ།
Keyword True
Example སྒྲ་ཆེན་པོ་རྣ་ལ་གཟན་ལྟ་བུ།
Transitive བྱ་བྱེད་ཐ་དད་པ།
Verb Form གཟུགས་མི་འགྱུར་བ།
གཟན་ (2)
Part of speech བྱ་ཚིག
Definition ཆུད་ཟོས་སུ་བཏང་བའི་དོན།
Keyword True
Future [གཟན།, དུས་ཚོད་ཆུད་གཟན་པར་འགྱུར།]
Present [གཟན།, རེ་བ་དོན་མེད་དུ་གཟན་བཞིན་པ།]
Past [གཟན།, དུས་ཚོད་ཆུད་གཟན་པ་སླར་མི་ལྡོག།]
Imperative [གཟོན།, དགྲ་ནོར་ཆུད་གཟོན་ཅིག་ལྟ་བུ།]
གཟན་ (1)
Part of speech རྒྱན་ཚིག
Definition ཡིད་དུ་མི་འོང་བའི་རྣམ་པ་སྟེ།
Example སྤྱོད་ངན་མིག་ལ་གཟན་ལྟ་བུ།