9508

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:06, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གཟའ་སུམ་འདོམ་ (1)
Part of speech མིང་ཚིག
Definition གཟའ་བཞིའི་ཀླུང་རྩིས་ཀྱི་ཡ་གྱལ་ཞིག་སྟེ། བརྩི་བྱ་དག་གི་རང་ལོའི་དབང་ཁམས་ལ་སྦྱར་བའི་ཕྱི་གཟའ་དང་། ལོ་འགྲོས་རྐྱང་པ་ལ་སྦྱར་བའི་བར་གཟའ། མ་ཀླུང་སྐྱེས་སྤར་ལ་སྦྱར་བའི་ནང་གཟའ་བཅས་གསུམ་པོ་བཏགས་པའི་གཟའ་གཅིག་གི་སྟེང་དུ་འདོམ་པ་ལ་ཟེར་ཞིང་། དེ་ལ་འདོམ་སའི་བཏགས་གཟའ་གང་ཡིན་གྱི་ཅ་ནས་མིག་དམར་སུམ་འདོམ་དང་། ལྷག་པ་སུམ་འདོམ། ཕུར་བུ་སུམ་འདོམ། སྤེན་པ་སུམ་འདོམ་བཅས་ནང་གསེས་བཞི་ཡོད་པ་ཡིན། གཟའ་སུམ་འདོམ་འདི་བརྩི་བྱ་དག་སྐྱེས་དུས་ཀྱི་མའི་བབས་སྤར་ལ་སྦྱར་བའི་ནང་གཟའ་དང་། རང་ལོར་སྦྱར་བའི་བར་གཟའ། ཕའམ་མའི་ལོ་འགྲོས་རྐྱང་པར་སྦྱར་བའི་བར་གཟའ་བཅས་གསུམ་པོ་བཏགས་གཟའ་གཅིག་གི་སྟེང་དུ་འདོམ་མིན་བརྩི་དགོས་པར་གསུངས་པ་ལྟར་བགྱིད་ན། གཟའ་བཞིའི་ཀླུང་རྩིས་མ་ཀླུང་གཙོ་བས་མའི་རང་ལོར་སྦྱར་བའི་བར་གཟའ་གཅེས་པར་འཛིན་དགོས།
Domain རྩིས་རིག

{{#arraymap:གཟའ་སུམ་འདོམ་

|; |@@@ | | }}