9510

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:06, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གཟའི་དར་གུད་ (1)
Part of speech མིང་ཚིག
Definition ཟླ་བ་གང་གི་ཚེས་གཅིག་ལ་ཤར་བའི་གཟའ་དང་། ཚེས་གཟའ་དེའི་ཁམས་ཀྱི་བུ་ཁམས་ཡིན་པའི་གཟའ་དག་ནི་ཚེས་ཟླ་དེའི་རིང་ལ་དར་བའི་གཟའ་ཡིན་ཞིང་། སྤྱིར་གཟའ་དར་དུས་བྱ་ལས་བསྒྲུབས་ན་བཟང་ཡང་། བྱེ་བྲག་ཏུ་ཉི་མ་དར་ཡང་ཤིད་མི་བྱ། ཟླ་བ་དར་ཡང་ཧོམ་མི་སྤར། མིག་དམར་དར་ཡང་ཕྱུགས་མི་འདུལ། ལྷག་པ་དར་ཡང་དུར་མི་འདེབས། ཕུར་བུ་དར་ཡང་ཟོར་མི་འཕེན། པ་སངས་དར་ཡང་ཕྱུགས་མི་སྐྱེལ། སྤེན་པ་དར་ཡང་ནོར་མི་གཏོང་བ་ཡིན། ཚེས་གཟའ་དེའི་ཁམས་ཀྱི་གྲོགས་ཁམས་ཡིན་པའི་གཟའ་དག་ཚེས་ཟླ་དེའི་རིང་ལ་གུད་པའི་གཟའ་ཡིན་ཞིང་། སྤྱིར་གཟའ་གུད་དུས་བྱ་ལས་བསྒྲུབས་ན་ངན་ཡང་། བྱེ་བྲག་ཏུ་བརྩི་བྱ་སོ་སོའི་བླ་གཟའ་ལ་ཁེལ་ན་བཟང་བ་ཡིན། གཞན་ཡང་ཚེས་གཟའ་དེའི་ཁམས་ཀྱི་མ་ཁམས་ཡིན་པའི་གཟའ་དག་ནི་ཚེས་ཟླ་དེའི་རིང་ལ་ཞུད་པའི་གཟའ་དང་། ཚེས་གཟའ་དེའི་ཁམས་ཀྱི་དགྲ་ཁམས་ཡིན་པའི་གཟའ་བཅས་ཡིན། དཔེར་ན་ཟླ་བ་གང་གི་ཚེས་གཅིག་ལ་ཤར་བའི་གཟའ་ཕུར་བུ་ཡིན་པར་ཆ་བཞག་ན། ཚེས་གཟའ་ཕུར་བུའི་ཁམས་ཤིང་ཡིན་པས། ཤིང་བུ་མེ་ཁམས་ཡིན་པའི་གཟའ་ཉི་མ་དང་མིག་དམར། ཚེས་གཟའ་ཕུར་བུ་བཅས་ནི་ཚེས་ཟླ་དེའི་རིང་ལ་དར་བའི་གཟའ་དང་། ཤིང་གྲོགས་ས་ཁམས་ཡིན་པའི་གཟའ་སྤེན་པ་ནི་ཚེས་ཟླ་དེའི་རིང་ལ་གུད་པའི་གཟའ། ཤིང་མ་ཆུ་ཁམས་ཡིན་པའི་གཟའ་ཟླ་བ་དང་ལྷག་པ་གཉིས་ནི་ཚེས་ཟླ་དེའི་རིང་ལ་ཞུད་པའི་གཟའ། ཤིང་དགྲ་ལྕགས་ཁམས་ཡིན་པའི་གཟའ་པ་སངས་ནི་ཚེས་ཟླ་དེའི་རིང་ལ་གྱོད་པའི་གཟའ་བཅས་ཡིན་པ་ལྟ་བུ་ཡིན། རྩིས་གཞུང་བཻ་དཀར་སོགས་ཁ་ཅིག་ཏུ་དགྲ་གུད་དང་གྲོགས་གྱོད་བྱས་ཏེ་འབྱུང་རྩིས་ཟླ་ཟེར་ནས་གསུངས་པ་འདི་དང་ལྡོག་ནས་ཡོད།
Domain རྩིས་རིག

{{#arraymap:གཟའི་དར་གུད་

|; |@@@ | | }}