9654
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཕྱི་ལོའི་དུས་རབས་བཅུ་གཅིག་པའི་དཀྱིལ་དུ་སྐུ་འཁྲུངས།ཐོག་མར་བོད་ཡུལ་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པར་མཛད། ཕྱིས་སུ་ཁ་ཆེ་དང་། བལ་ཡུལ། རྒྱ་གར་སོགས་སུ་ཕེབས། པཎ་གྲུབ་མང་པོའི་ཞབས་ལ་གཏུགས། རྒྱ་གཞུང་དང་ལེགས་སྦྱར་བཅས་ལེགས་པར་སྦྱངས་པའི་ལོ་ཙཱ་བ་ཞིག་ཡིན། བསྒྱུར་རྩོམ་ནི་བཀའ་འགྱུར་ལས་བྱ་རྒྱུད་དང་། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་གཞན་གྱི་མི་ཐུབ་པ་ཕྱིར་བཟློག་པ་ཆེན་མོ་མཆོག་ཏུ་གྲུབ་པའི་གཟུངས། བསྟན་འགྱུར་ལས་འབྲེལ་བ་བརྟག་པའི་རྗེས་སུ་འབྲངས་པ་བཅས་བཞུགས། |