9701
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་ཏུ་བྱེད་པ་ཆོས་མངོན་པ་ལ་འཇུག་པ་ཞེས་བྱ་བ་ལས་བྱུང་བ་སྟེ། ༡ དེ་ལ་བསམ་གཏན་དང་པོ་ལ་གནས་པ་རྣམ་པ་གཉིས་ཏེ། ཚངས་རིས། ༢ ཚངས་པའི་མདུན་ན་འདོན་དང་གཉིས། ༣ བསམ་གཏན་གཉིས་པ་ལ་གནས་པ་རྣམ་པ་གསུམ་སྟེ། འོད་ཆུང༌། ༤ ཚད་མེད་འོད། ༥ འོད་གསལ་དང་གསུམ། ༦ བསམ་གཏན་གསུམ་པ་གནས་པ་གསུམ་སྟེ། དགེ་ཆུང༌། ༧ ཚད་མེད་དགེ། ༨ དགེ་རྒྱས་དང་གསུམ། ༩ བསམ་གཏན་བཞི་པ་ལ་གནས་པ་བརྒྱད་དེ། སྤྲིན་མེད། ༡༠ བསོད་ནམས་སྐྱེས། ༡༡ འབྲས་བུ་ཆེ་བ། ༡༢ མི་ཆེ་བ། ༡༣ མི་གདུང་བ། ༡༤ གྱ་ནོམ་སྣང་བ། ༡༥ ཤིན་ཏུ་མཐོང༌། ༡༦ འོག་མིན་དང་བརྒྱད་བཅས་སོ། ། |
| Domain | ཆོས་ལུགས། |