9711
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། གཟུགས་ཁམས་ཀྱི་ཉོན་མོངས་ཅན་གྱི་སེམས་མངོན་དུ་གྱུར་པ་ལས་ཀྱང་སྔར་མི་ལྡན་པ་ལས་དྲུག་རྙེད་དེ། གཟུགས་མེད་ནས་གཟུགས་ཁམས་སུ་སྐྱེ་བའི་ཚེ་གཟུགས་ཀྱི་བསྒྲིབས་པ་མངོན་དུ་གྱུར་ན་དེ་ཉིད་དང་། གཟུགས་ཀྱི་དགེ་བ་སྐྱེས་ཐོབ་དང་། གཟུགས་ཀྱི་སྤྲུལ་སེམས་དང་། འདོད་པའི་སྤྲུལ་སེམས་བཞི་ཐོབ་པ་འབྱུང་ངོ་། གཟུགས་ཀྱི་བསྒྲིབས་པས་དགྲ་བཅོམ་ལས་ཉམས་པ་ན་གཟུགས་མེད་ཀྱི་བསྒྲིབས་པ་དང་། སློབ་པའི་སེམས་འབྱུང་ངོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། ། |
| Domain | ཆོས་ལུགས། |