9744
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། གཟུགས་ཁམས་ན་སྤྱོད་པའི་དགེ་བའི་སེམས་ཀྱི་དེ་མ་ཐག་རྐྱེན་གྱུར་པའི་སེམས་རྣམས་ཏེ། འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་གཉིས་དང་། གཟུགས་མེད་པ་ན་སྤྱོད་པའི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་མ་གཏོགས་སོ། །དགེ་སེམས་དེ་དག་ལས་འབྱུང་ཚུལ་ནི། སྙོམས་འཇུག་ལས་ལྡང་བ་དང་འཇུག་པའི་ཚེ་གོང་གི་གསུམ་དང་འདོད་པའི་དགེ་བ་དང་། གཟིར་བའི་ཚེ་གཟུགས་མེད་ཀྱི་བསྒྲིབས་པ་དང་། སྤྲུལ་པ་ལས་ལྡང་བ་ན་འདོད་པའི་སྤྲུལ་སེམས་ལས་འབྱུང་བས་སོ། །འདོད་པའི་མི་དགེ་བ་དང་། བསྒྲིབས་པ་དང་། གཟུགས་མེད་ཀྱི་མ་བསྒྲིབས་ལུང་མ་བསྟན་གསུམ་ལས་ནི་མི་འབྱུང་སྟེ། དེ་དག་དང་ཚེ་དྲུག་ཏུ་རྣམ་པར་བཞག་པ་མི་འཐད་པའི་ཕྱིར། |
| Domain | ཆོས་ལུགས། |