9747

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:09, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གཟུགས་ཁམས་ཀྱི་བསྒྲིབས་ལུང་མ་བསྟན་གྱི་དེ་མ་ཐག་རྐྱེན་བརྒྱད་ (1)
Part of speech མིང་ཚིག
Definition མདོ། མངོན་པ། གཟུགས་ཁམས་སུ་སྤྱོད་པའི་བསྒྲིབས་ལ་ལུང་མ་བསྟན་པའི་དེ་མ་ཐག་རྐྱེན་གྱུུར་པའི་སེམས་རྣམས་ཏེ། འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་གཉིས་དང་སློབ་པ་དང་། མི་སློབ་པ་གཉིས་མ་གཏོགས་སོ། །དེ་ཡང་རྒྱུན་དང་ས་མཚུངས་པ་ན་སྤྲུལ་སེམས་མ་གཏོགས་པ་རང་གི་ས་པ་གསུམ་དང་། ཉིང་མཚམས་སྦྱོར་བ་ན་འདོད་པའི་དགེ་བ་སྐྱེས་ཐོབ་དང་། མ་བསྒྲིབས་ལུང་མ་བསྟན་སྤྱོད་ལམ་པ་དང་རྣམ་སྨིན་སྐྱེས་གཉིས་དང་། གཟུགས་མེད་ཀྱི་ས་པ་དགེ་བ་སྦྱོར་བྱུང་མ་གཏོགས་པའི་འཆི་སེམས་གསུམ་གྱི་རྗེས་སུ་གཟུགས་ཁམས་ཀྱི་བསྒྲིབས་ལུང་མ་བསྟན་འབྱུང་ངོ་། །གཞན་འདོད་པའི་ཉོན་མོངས་ཅན་གཉིས་དང་ཟག་མེད་གཉིས་ལས་མི་འབྱུང་སྟེ། འདོད་པའི་ཉོན་མོངས་ཅན་ཤི་བ་གོང་དུ་མི་སྐྱེ་ལ། ཉོན་མོངས་ཅན་གྱི་ཟག་མེད་ལས་ལྡང་བ་མི་སྲིད་པའི་ཕྱིར་རོ། །
Domain ཆོས་ལུགས།