9782

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:09, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གཟུགས་ཁམས་སུ་འཆི་ན་གཏོང་བའི་དབང་པོ་བརྒྱད་ (1)
Part of speech མིང་ཚིག
Definition མདོ། མངོན་པ། དབང་པོ་ཉི་ཤུ་རྩ་གཉིས་ལས་མིག་སོགས་དབང་པོ་ལྔ་དང་སྲོག་དང་ཡིད་དང་བཏང་སྙོམས་ཀྱི་དབང་པོ་བཅས་ཏེ་བརྒྱད་པོ་དེ་དག་གཟུགས་ཁམས་སུ་འཆི་བའི་ཚེ་ན་དུས་གཅིག་ཏུ་འགག་པར་འགྱུར་རོ། །རྫུས་ཏེ་སྐྱེ་བ་རྣམས་ནི་དབང་པོ་རྣམས་ཚང་བར་སྐྱེ་ཞིང་འཆིའོ། །དེ་ཡང་ཅིག་ཅར་འཆི་བ་ལ་ཡིན་ལ། རིམ་གྱིས་འཆི་བ་དེ་དག་ལ་བཞི་སྟེ། ལུས་སྲོག་ཡིད་བཏང་སྙོམས་ཏེ། དེ་རྣམས་ལ་སོ་སོར་འགག་པ་མེད་པས་སོ། །ཉོན་མོངས་པ་ཅན་དང་ལུང་དུ་མ་བསྟན་པའི་སེམས་ཀྱིས་འཆི་བ་ལ་ནི་ཚུལ་དེ་ལྟ་བུ་ཡིན་པར་རིག་པར་བྱའོ། །དགེ་བའི་སེམས་ལ་གནས་ཏེ་འཆི་བ་ལ་ནི། གོང་དུ་བཤད་པའི་དབང་པོ་རྣམས་དང་དད་སོགས་ལྔ་གདོན་མི་ཟ་བར་འགག་པར་འགྱུར་ཕྱིར་དབང་པོ་བཅུ་གསུམ་འགག་པར་འགྱུར་རོ། །
Domain ཆོས་ལུགས།