9799

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:10, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གཟུགས་ཅན་གྱི་རྣམ་ཐར་གསུམ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། གཟུགས་ཅན་གྱི་རྣམ་ཐར་གསུམ་གྱི་ངོ་བོ་ནི། བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་རྣལ་འབྱོར་པ་རང་ཉིད་ལ་གཟུགས་ཅན་གྱི་འདུ་ཤེས་བཞག་སྟེ། ཕྱི་རོལ་གྱི་གཟུགས་རྣམས་ལ་བཟང་ངན་ཆེ་ཆུང་སྣ་ཚོགས་སུ་སྤྲུལ་ཏེ་བལྟ་བའི་བདག་རྐྱེན་དུ་གྱུར་པའི་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པ་ནི་རྣམ་ཐར་དང་པོ་དང། ཡང་དེ་ལ་བརྟེན་ནས་རྣལ་འབྱོར་པ་རང་ཉིད་ལ་གཟུགས་ཅན་མིན་པ་མིང་བཞིའི་ཕུང་པོ་ཙམ་གྱི་འདུ་ཤེས་བཞག་སྟེ་ཕྱི་རོལ་གྱི་གཟུགས་རྣམས་ལ་བཟང་ངན་ཆེ་ཆུང་སྣ་ཚོགས་སུ་སྤྲུལ་ཏེ་བལྟ་བའི་བདག་རྐྱེན་དུ་གྱུར་པའི་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པ་ནི་རྣམ་ཐར་གཉིས་པ་དང། འདུ་ཤེས་གསུམ་ལ་བརྟེན་ནས་ཉེས་པ་གསུམ་ཁེགས་ཏེ་གཟུགས་སྣང་ཐམས་ཅད་སྡུག་པར་རོ་གཅིག་ཏུ་མོས་ཤིང། གཟུགས་སྣང་ཐམས་ཅད་ལ་སྤྲུལ་འདོད་སྐྱེད་པའི་བདག་རྐྱེན་དུ་གྱུར་པའི་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པ་ནི་རྣམ་ཐར་གསུམ་པའི་ངོ་བོར་འཇོག་པའི་ཕྱིར། གཟུགས་ཅན་གྱི་རྣམ་ཐར་གསུམ་གྱི་སྒྲ་དོན་ཡོད་དེ། རྣལ་འབྱོར་པ་རང་ཉིད་ལ་གཟུགས་ཅན་གྱི་འདུ་ཤེས་བཞག་ནས་གཟུགས་ལ་བལྟ་བའི་རྣམ་ཐར་ཡིན་པས་གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་ཐར་དང། རྣལ་འབྱོར་པ་རང་ཉིད་ལ་གཟུགས་མེད་པའི་འདུ་ཤེས་བཞག་ནས་གཟུགས་ལ་བལྟ་བའི་རྣམ་ཐར་ཡིན་པས་གཟུགས་མེད་གཟུགས་ལ་ལྟ་བའི་རྣམ་ཐར་དང། གཟུགས་སྣང་ཐམས་ཅད་སྡུག་པར་རོ་གཅིག་ཏུ་མོས་པའི་རྣམ་ཐར་ཡིན་པས་སྡུག་པའི་རྣམ་ཐར་ཞེས་བརྗོད་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།