9856
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། བྱེ་བྲག་སྨྲ་བ། སངས་རྒྱས་ཀྱི་བསྟན་པས་བསྡུས་པའི་གཟུགས་མེད་ཀྱི་དངོས་གཞི་དང་གཟུགས་མེད་ཀྱི་ཉེར་བསྡོགས་སུ་གྱུར་པའི་རྣམ་གྲོལ་ལམ་གང་རུང་སྟེ། གསེར་ཕྲེང་ལས། མཛོད་པ་ནི། རྣམ་ཐར་གྱི་དོན་ས་འོག་མ་ལས་རྒྱབ་ཀྱིས་ཕྱོགས་པ་ཡིན་པས་ཉེར་བསྡོགས་ཀྱི་བར་ཆད་མེད་ལམ་རྣམས་རྣམ་ཐར་མིན་ལ། རྣམ་གྲོལ་ལམ་རྣམས་ཡིན་ཞེས་ཉེར་བསྡོགས་ལ་ཡང་འདོད་དོ། །ཞེས་དང་། སེར་སྨད་རྒྱལ་དབང་མཛོད་ལས། བསྟན་པས་བསྡུས་པའི་གཟུགས་མེད་ཀྱི་དངོས་གཞིར་མ་ཟད་ཉེར་བསྡོགས་ཀྱི་ངོ་བོར་གྱུར་པའི་རྣམ་གྲོལ་ལམ་རྣམས་ལ་ཡང་རྣམ་ཐར་གྱི་མིང་ཐོབ་ཀྱང༌། བར་ཆད་མེད་ལམ་རྣམས་ལ་ནི་རྣམ་ཐར་གྱི་མིང་མི་ཐོབ་སྟེ། གཟུགས་མེད་ཀྱི་རྣམ་ཐར་ནི་འོག་སའི་ཟག་བཅས་ལ་རྒྱབ་ཀྱིས་ཕྱོགས་པ་ཡིན་ལ། ཉེར་བསྡོགས་བར་ཆད་མེད་ལམ་དག་གིས་འོག་སའི་ཟག་བཅས་ལ་དམིགས་པའི་ཕྱིར། །ཞེས་གསུངས། |
| Domain | ཆོས་ལུགས། |