9875

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:10, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གཟུགས་མེད་གཟུགས་ཆེན་པོ་ལ་ལྟ་བའི་ཟིལ་གནོན་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། མཚན་ཉིད་ནི། བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ནས། རང་ལ་གཟུགས་སྣང་དོར་བའི་སྒོ་ནས། རང་ཡུལ་དུ་གྱུར་པའི་སྣོད་ཀྱི་གཟུགས་བཟང་ངན་ཐམས་ཅད་ཇི་ལྟར་འདོད་པ་བཞིན་དུ་དབང་བསྒྱུར་བའི་སྒོ་ནས་ཟིལ་གྱིས་གནོན་ནུས་པའི་ཞི་ལྷག་ཟུང་འཇུག་གོ་ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་ཟབ་མོ་ལས་སོ། །ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་ནི། གཟུགས་མེད་གཟུགས་ཆེན་པོ་ལ་ལྟ་བའི་ཟིལ་གནོན་ནི། རྣལ་འབྱོར་པ་ནང་གཟུགས་མེད་པར་འདུ་ཤེས་པ་དག་གིས་དམིགས་པ་ཕྱི་རོལ་གྱི་གཟུགས་ཆེན་པོ་རྣམས་ལ་ལྟ་ཞིང་དེ་དག་ཟིལ་གྱིས་མནན་ནས་ཤེས། ཟིལ་གྱིས་མནན་ནས་མཐོང་བའོ། །དེ་ལ་ཆུང་ངུ་ནི་སེམས་ཅན་གྱི་གཟུགས་སོ། །བཟང་པོ་དང་ངན་པ་ནི་ལྷ་དང་མིའི་འོ། །ཆེན་པོ་ནི་སྣོད་ཀྱི་འཇིག་རྟེན་ཡིན་ལ། མཛེས་མི་མཛེས་ནི་ཡིད་དུ་འོང་མི་འོང་ངོ་། །ཤེས་པ་དང་མཐོང་བ་ནི་ཞི་གནས་དང་ལྷག་མཐོང་གིས་སོ་ཞེས་སོ། །
Domain ཆོས་ལུགས།