9894

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:10, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གཟུགས་མེད་དགེ་བའི་སེམས་ཀྱི་མཇུག་ཐོགས་སུ་འབྱུང་བའི་སེམས་དགུ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། གཟུགས་མེད་ཁམས་སུ་སྤྱོད་པའི་དགེ་བའི་སེམས་ཀྱི་མཇུག་ཐོགས་སུ་འབྱུང་བའི་སེམས་རྣམས་ཏེ། འདོད་པ་ན་སྤྱོད་པའི་དགེ་བ་དང་། འདོད་པ་དང་གཟུགས་ན་སྤྱོད་པའི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་དག་མ་གཏོགས་སོ། །དེ་ཡང་རྒྱུན་གྱི་ཚེ་དགེ་བ་གཉིས་ཀ་ཕན་ཚུན་དང་། ས་མཚུངས་པ་ན་དགེ་བ་གཉིས་ཀ་ལས་བསྒྲིབས་མ་བསྒྲིབས་གཉིས་ཀ་འབྱུང་བས་རང་གི་ས་པ་གསུམ་དང་། སྙོམས་པར་འཇུག་པ་ན་སྦྱོར་བྱུང་ཁོ་ན་ལས་ཟག་མེད་གཉིས་དང་། སྙོམས་འཇུག་ལས་ལྡང་བ་ན་གཟུགས་མེད་ཀྱི་སྦྱོར་བྱུང་ཁོ་ན་ལས་གཟུགས་ཀྱི་དགེ་བ་སྦྱོར་བྱུང་ཁོ་ན་དང་། ཉིང་མཚམས་སྦྱོར་བ་ན་གཟུགས་མེད་ཀྱི་དགེ་བ་སྐྱེས་ཐོབ་ཁོ་ན་ལས་འདོད་པའི་ཉོན་མོངས་ཅན་གཉིས་དང་། གཟུགས་ཀྱི་བསྒྲིབས་པ་སྟེ་དགུའོ། །
Domain ཆོས་ལུགས།

{{#arraymap:གཟུགས་མེད་དགེ་བའི་སེམས་ཀྱི་མཇུག་ཐོགས་སུ་འབྱུང་བའི་སེམས་དགུ་

|; |@@@ | | }}