9907

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:10, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གཟུགས་མེད་པར་ཉེ་བར་འགྲོ་བ་ (1)
Part of speech མིང་ཚིག
Definition མདོ། ཕྱིར་མི་འོང་འབྲས་གནས་ཁྱད་པར་ཅན་གྱི་ནང་གསེས། གཟུགས་ཁམས་སུ་མི་འཇུག་པར་གཟུགས་མེད་དུ་སྐྱེས་ནས་འདའ་བ་སྟེ། གཟུགས་ཀྱི་འདོད་ཆགས་དང་བྲལ་བ་འདི་ནས་ཤི་འཕོས་ནས་གཟུགས་མེད་པ་དག་གི་ནང་དུ་སྐྱེ་བ་གང་ཡིན་པའོ། །དེ་ལ་དབྱེ་ན་སྐྱེས་ནས་འདའ་བ་དང་། མངོན་པར་འདུ་བྱེད་བཅས་པར་འདའ་བ། མངོན་པར་འདུ་བྱེད་པ་མེད་པར་འདའ་བ་དང་། གོང་དུ་འཕོ་བ་དང་བཞིའོ། །དེ་ན་བར་སྲིད་མེད་པས་བར་མ་དོར་མྱ་ངན་ལས་འདའ་བ་ནི་མེད་དོ། །རྣམ་པ་བཞི་ཞེས་བྱ་བའང་ཅི་ཡང་མེད་པའི་སྐྱེ་མཆེད་མན་ཆད་ཀྱི་དབང་དུ་བྱས་ཀྱི་སྲིད་རྩེ་ལ་ནི་གོང་དུ་འཕོ་བའང་མེད་པའི་ཕྱིར་རོ། །
Domain ཆོས་ལུགས།

{{#arraymap:གཟུགས་མེད་པར་ཉེ་བར་འགྲོ་བ་

|; |@@@ | | }}