9986
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། རང་རྒྱུད་པ། འདོད་པ་ནས་ཁམས་གོང་མ་གཟུགས་ཁམས་སུ་འཕོས་ནས་སྲིད་པ་བཞི་གང་རུང་གི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའི་འདོད་པའི་རྟེན་ཅན་གྱི་འཕགས་པའི་གང་ཟག་ཞིག་ལ་འཇོག་པ་ཡིན་ནོ། །མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། ཐ་མའི་ཆ་མཐུན་ལྔ་སྤངས་པས་རབ་ཏུ་ཕྱེ་བའི་རིགས་སུ་གནས་པའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ལ་གནས་པའི་གང་ཟག་གང་ཞིག གཟུགས་སུ་སྐྱེ་སྲིད་བརྒྱུད་ནས་འོག་མིན་དང་སྲིད་རྩེ་གང་རུང་གི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའི་རིགས་ཅན་དེ་གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་གོང་འཕོ་བའི་འཇོག་བྱེད། དེ་ལ་དབྱེ་ན། འོག་མིན་མཐར་ཐུག་འགྲོའི་གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་གོང་འཕོ་བ་དང། སྲིད་རྩེའི་མཐར་ཐུག་འགྲོའི་ཕྱིར་མི་འོང་གོང་འཕོ་གཉིས་ཡོད། ཅེས་གསུངས། |
| Domain | ཆོས་ལུགས། |