10090
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་གྱི་སྐྱེ་དངོས་ཤིག་སྟེ། རྩ་བ་སེར་སྐྱ་ཕྲ་ལ་ཐུང་བ་སྙུང་རིལ་དབྱིབས་ཨ་ར་འདྲ་བའི་རྩ་ཕྲན་ཐར་ཐོར་ཡོད་པ་དང༌། སྡོང་པོ་ལྗང་སྐྱ་ཕྲ་ལ་རིང་བ་བདུན་བརྒྱད་ཙམ་པར་ཡལ་ག་མང་བ་ས་ལ་ཉལ་ནས་སྐྱེ་བ། ལོ་མ་ལྗང་ལ་རྒྱབ་སྐྱ་བའི་དབྱིབས་བྱེའུའི་ལྕེ་འདྲ་བའི་མཐའ་མཉམ་པ་སྒྲོ་དབྱིབས་མང་ལོ་ཡིན་ཞིང༌། ལོ་མ་དང་སྡོང་པོ་གཉིས་ཀར་སྤུ་དཀར་ཐར་ཐོར་ཡོད་པ། མེ་ཏོག་སེར་པོ་ཆུང་ངུ་འདབ་མ་ལྔ་དང་ལྡན་པ་ཡལ་སྡོང་གི་བར་མཚམས་ནས་འཆར་བ། ཡལ་རྗེས་འབྲས་བུ་ལྗང་སྐྱ་ཟུར་ལྔ་ཅན་ཟུར་རེར་ཚེར་མ་རྩེ་རྣོ་བ་ར་མགོ་འདྲ་བ་ཡོད་པ་སྟེ་ཡོངས་གྲགས་གཟེར་མ་ར་མགོ་ཞེས་པ་དེའོ། །བོད་ཀྱི་བྱེ་ཤས་ཆེ་བའི་ཀླུང་ཐང་དུ་སྐྱེ་བ། འབྲས་བུ་བོད་ཟླ་བདུན་པའི་ནང་བཏུས་ཏེ་བསྐམས་ནས་འབྲས་བུ་བེད་སྤྱོད་སྐབས་སུ་བྱེ་ཚན་ནང་ཅུང་ཙམ་བརྔོས་ནས་འབྲས་བུའི་རྩེའི་རྭ་མགོ་ལྟ་བུའི་ཚེར་མ་རྣམས་མེད་པར་བཟོས་ནས་སྨན་དུ་སྤྱོད་རྒྱུ། རོ་མངར་ལ་ཁ་བ། ཞུ་རྗེས་མངར་བ། ནུས་པ་དྲོ་ལ་ཡང་བས་གཅིན་སྙིའི་ནད་དང༌། གྲུམ་བུའི་ནད། མཁལ་ནད། རླུང་དང་གྲང་བ་སོགས་ལ་ཕན་པ་ཡིན། |