10253
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་སེར་སྐྱ་ཕྲ་བ་སྒྱུས་ཕྲན་འདྲ་བར་ཨ་ར་ལྟ་བུའི་རྩ་ཕྲན་ཡང་ཐར་ཐོར་ཡོད་པ། སྡོང་པོ་ལྗང་སེར་ཕྲ་ལ་ཐུང་བ་ཁ་ཤས་མཉམ་དུ་སྐྱེ་བར་ཡལ་ག་མེད་པ་དྲང་པོར་སྐྱེ། ལོ་མ་ལྗང་སེར་སྣུམ་ཞིང་མཐུག་ཉམས་མཆིས་པ་སྒོར་མོ་འོད་མདངས་རྒྱས། ངར་བ་རིང་བའི་མཐར་ཉག་ཅན་ལྕམ་ལོའི་དབྱིབས་འདྲ་བ་རེས་མོས་སུ་སྐྱེ་བ། མེ་ཏོག་ཆུང་ངུ་མདངས་མི་གསལ་བ་ལོ་མའི་མདོག་འདྲ་བ་སྡོང་པོའི་སྟོད་ཀྱི་ལོ་མའི་མཚམས་དང་སྡོང་པོའི་རྩེར་འཆར་ཞིང་། རོ་ཁ། ཞུ་རྗེས་བསིལ། ནུས་པས་སྣོད་མཁྲིས་རྒྱས་པ་ཞི། མཁྲིས་ནད་གྱེན་དུ་སྐྱུག་པ་དང༌། ཐུར་དུ་བཤལ་བ་སོགས་བྱེད། |
Synonyms | ཁྲག་དར་ཡ་ཀན། གངས་ཀྱི་ལྷ་མོ། རྒྱལ་པོ་ཟླ་བསིལ། དར་ཡ་ཀན། བདུད་རྩི་རབ་བསིལ། གཡའི་བཅུད། |
{{#arraymap:གཡའ་ཀྱི་མ་
|; |@@@ | | }}