10398

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:17, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གཡུ་ལོ་བཀོད་བཙུན་དགོན་ (1)
Part of speech མིང་ཚིག
Definition དེང་གི་གནས་ཡུལ། དིང་རི་རྫོང་ཁོང་། རྩིབས་རིའི་རི་རྒྱུད་དུ་ཡོད་པ། སེང་བྲག་དགོན་ནས་མར་ཅུང་ཟད་སོང་རྗེས་དགོན་འདིར་སླེབས་ཐུབ། དགོན་དེ་ནི་ཐོག་མར་གྲུབ་དབང་ཤཱཀྱ་ཤྲཱིའི་ཐུགས་སྲས་སྐྱབས་རྗེ་ཁྲིད་དཔོན་པདྨ་ཆོས་རྒྱལ་མཆོག་གིས་ཕྱག་བཏབ་པ་ཞིག་ཡིན་ཞིང་། སྐུ་ཚེའི་སྨད་དུ། ས་གླང་ ༡༩༤༩ ལོར་བསྟན་པའི་སྦྱིན་བདག་ཆེན་པོ་ཀོང་རྩ་རྒན་པོ་འགྱུར་མེད་སྐལ་བཟང་རྒྱ་མཚོ་དང་། དིང་སྒང་བུ་སྐལ་བཟང་རྣམ་རྒྱལ་གཉིས་ཀྱིས་བསྟན་པའི་འཁུར་གྱེན་དུ་བཏེགས་ཏེ་མཐུན་རྐྱེན་སྦྱར་བའི་ཐོག་སྐྱབས་རྗེ་རིན་པོ་ཆེ་ལའང་འདས་གསོན་འབྲེལ་འབུལ་ཅི་རིགས་བྱུང་བ་བཅས་ཀྱིས། ལོ་འཁོར་གཅིག་གི་ནང་དུ་ཐོག་མར་ས་དཔྱད་བརྟག་པ་དང་། ས་སློང་གི་ཆོ་ག་ནས་བཟུང་མཐར་རབ་གནས་ཀྱི་དགའ་སྟོན་གཏང་རག་ཚོགས་འབུལ། མི་དམངས་ལ་ཚེ་དབང་དང་བཅས་པ་དགེ་ལེགས་ཀྱི་སྣང་བས་ས་གསུམ་ཁྱབ་པར་མཛད་པ་དང་བཅས། དགོན་འདིའི་འདུ་ཁང་ཀ་བཞི་མ་གཅིག་གསར་བཞེངས་མཛད། ནང་རྟེན་གཙོ་བོ་དབུས་སུ་གསེར་ཟངས་ལས་བསྒྲུབས་པའི་སྟོན་པའི་སྐུ་འདྲ་ཞིག་དང་། གཡས་སུ་གུ་རུ་མཚོ་སྐྱེས་རྡོ་རྗེའི་སྐུ་འདྲ། གཡོན་དུ་རྗེ་བཙུན་མ་སྒྲོལ་མ་ལྗང་ཁུའི་སྐུ་འདྲ་བཅས་མི་ཚད་མ་དང་། མཐའ་སྐོར་དུ་སྒྲོལ་མ་ཉེར་གཅིག གསུང་རྟེན་དུ་ཤེར་ཕྱིན་གྱི་མདོ་སྡེ་རྒྱས་འབྲིང་བསྡུས་གསུམ་ཆ་ཚང་། ཐུགས་རྟེན་དུ་མཆོད་རྟེན་གཅིག དེ་བཞིན་གྱང་ལྡེབས་སུ་འཕགས་པའི་གནས་བརྟན་བཅུ་དྲུག་དང་། རིགས་ལྔའི་ཞིང་བཀོད། འདུ་ཁང་གི་སྒོ་འཆོར་འོག་རྒྱལ་ཆེན་སྡེ་བཞི་དང་སྲིད་པ་འཁོར་ལོ། འདུ་ཁང་གི་གཡས་ཕྱོགས་སུ་ཨ་མི་དྷེ་ཝ་དུང་འཁོར་གཅིག གཡོན་ཕྱོགས་སུ་མ་ཎི་དུང་འཁོར་གཅིག་བཅས་སོ་སོར་འཁོར་འཐེན་ཞབས་ཞུ་བ་རེ་དང་བཅས་པ། སྒྲིག་ཞུགས་བཙུན་མ་ཉེར་གཅིག་དེ་དག་ལའང་གདམས་ངག་སྔོན་འགྲོ་དངོས་གཞི་སོགས་ནད་ཐོག་སྨན་འཁེལ་ལྟར་མྱོང་ཁྲིད་རྒྱུགས་བཞེས་དང་འབྲེལ་ལོ་ལྟར་སྐུ་མཚམས་པ་ལྔ་རེ་རེས་སྐོར་དང་། རྒྱུན་དུ་བོད་ཟླ་དྲུག་པའི་ནང་སྒྲོལ་མ་ཟབ་ཏིག་དང་འབྲེལ་བའི་སྒྲོལ་ཆོག་ཁྲི་ཚར་རེ་ལས་རྒྱུན་དུ་སྐུ་མཚམས་གཙོ་བོར་མཛད། རྒྱལ་སྒོ་ཕྱི་ནང་གཉིས་ཀྱིས་ཆོད་པའི་གྱང་བརྩེགས་ཀྱི་ལྕགས་རི། ཤག་སྐོར་མཚམས་ཁང་རྣམས་ཀྱང་སོ་སོར་གསང་སྤྱོད་དང་བཅས་པ་འཐུས་ཚང་ཡོད་འདུག། རྒྱ་དམར་གྱི་ཉམས་ཉེས་འོག དེང་སྐབས་དགོན་པ་ཉམས་གསོ་ཐུབ་མེད་པ་གྱང་རལ་ཧྲུག་གེར་བཞག་འདུག་པ་འདིའོ། །