10411
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བོན་གྱི་དཔེ་ཆ་ཞིག་གི་མིང་སྟེ། དེ་ནི་གཡུང་དྲུང་ཀློང་རྒྱས་ཀྱི་འགྲེལ་བ་ལེགས་བཤད་གསལ་བའི་སྒྲོན་མ་ནམ་མཁའི་ནོར་བུ་ཞེས་པའི་བསྡུས་མིང་ཡིན། བརྗོད་བྱ་ནི། མདོ་གཟེར་མིག་ལས་ལེའུ་བཅོ་བརྒྱད་པ་བོན་གྱི་སྟོན་པ་གཤེན་རབ་མི་བོས་བསྟན་པ་རྗེས་སུ་བཞག་ནས་ཡུན་དུ་གནས་པའི་ཕྱིར། འཕྲིན་ལས་བཅོ་བརྒྱད་ཀྱི་དོན་བསྟན་པས། དེའི་རྣམ་བཞག་གི་ཡིན་ལུགས་ཐམས་ཅད་ཡིན་ནོ། །མཛད་པ་པོ་ནི། བོན་གྱི་གྲྭ་ས་གོང་མ་སྨན་རིའི་མཁན་རབས་བཞི་བ་ཀུན་བཟང་རྒྱལ་མཚན་ཡིན། མཛད་པའི་གནས་ནི། གཙང་བཀྲ་ཤིས་སྨན་རིའོ། ། |