10412

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:17, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གཡུང་དྲུང་ཀློང་རྒྱས་ཀྱི་རྟེན་གཏོར་ (1)
Part of speech མིང་ཚིག
Definition བོན། སྔགས། སྤྱོད་རྒྱུད། ཕྱི་རྒྱུད་ཆོ་གར་གཏོགས་པའི་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་ལྷ་རྣམས་ཀྱི་རྟེན་གཏོར་ཞིག་ཡིན། རྒྱུ་ནི། འབྲུ་དཀར་གྱི་ཕྱེ་ལ་སྨན་སྣ་སོགས་བཏབ་ནས་བཅའ་སྟེ། བཅའ་སྟངས་ནི། བོན་སྒོ་བཞི་མཛོད་ལྔའི་ཕྱི་ནང་གསང་གསུམ་གྱི་རྟེན་གཏོར་བཅའ་ཐབས་ལས། གཡུང་དྲུང་ཀློང་རྒྱས་ལ། ལྷ་བཤོས་ཟླུམ་པོ་གྲུ་ཚད་བཞི་ལ། དཀར་རྒྱན་དཀྱིལ་དུ་གཙོ་བཞིའི་ས་བོན་བཀོད། གསས་ཁང་གྲུ་བཞིའི་སྟེང་དུ་མེ་ཏོག་བཤམ། ཤར་མར་མེ། བྱང་སྤོས། ནུབ་ཚན་ཆབ། ལྷོ་ལྷ་སངས་རྣམས་བཞག།ཁྲོ་བཞིའི་ལ་ཙག་ལིའམ་ཡང་གཏོར་མ་ཟུར་གསུམ་ར་དགུ་ཡང་ཟེར་འདུག ཞེས་དང་། ཡི་དམ་ཕྱི་ནང་གསང་གསུམ་གྱི་རྟེན་གཏོར་བཅའ་ཐབས་ལས། གཡུང་དྲུང་ཀློང་རྒྱས་ལ། གསས་ཁང་རུ་བཞིའི་སྟེང་དུ་སྣ་ལྔ་དང་། ལྷ་བཤོས་བཞི་གྲལ་ཐབས་སུ་བཤམ། ཞེས་སོ། །དེའི་མཐུན་རྫས་ནི། དཀར་མངར་གྱི་རྫས་དང་། སྨན་སྣ། སྤོས་སྣ། རིན་ཆེན་རིགས། འབྱུང་བའི་སྙིང་པོ། དར་ཟབ་མེ་ཏོག་སོགས་ཀྱིས་བརྒྱན་ཞིང་མཛེས་པར་བྱ་སྟེ། གསང་སྔགས་རྫོང་འཕྲང་ལས། ཕྱིའི་གཏོར་མའི་གཞི། དཀར་གསུམ། མངར་གསུམ། སྨན་ལྔ། སྤོས་ལྔ། རིན་ཆེན་ལྔ། སྙིང་པོ་ལྔ། ཞེས་དང་། མེ་ཏོག་མཛེས་པར་བྱ། ཞེས་དང་། གསང་སྔགས་དབང་ཆེན་གཏོར་མའི་གལ་བྱང་ལས། དེ་ལྟར་བཅས་པའི་གཏོར་མ་ལ་གོང་གི་འཁོར་ལོ་གདུགས་སུ་ཕུབ། མཛེས་པའི་དར་གྱིས་ཡོལ་བར་བྱ། ཞེས་སོ། །
Domain ཆོས་ལུགས།