10414

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:17, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གཡུང་དྲུང་ཁྱིམ་བདུན་གྱི་མི་ (1)
Part of speech མིང་ཚིག
Definition མདོ། མངོན་པ། བོན། ᩶ᨓ་᫗ᩏ་᩶᪍ᨵ་᪍འི་མི་རིགས་བཞིའི་ནང་གསེས་ཞིག་ཡིན་ལ། དོན་དུ་འགྲོ་བ་གཞན་ལ་ཕན་འདོགས་པའི་བསམ་པ་བཟང་པོ་དང་ལྡན་པའི་གཡུང་དྲུང་སེམས་དཔའམ་བྱང་ཆུབ་སེམས་དཔའི་རིགས་སུ་གཏོགས་པའི་སྐྱེས་བུ་ཁྱད་པར་ཅན་ཤ་སྟག་ཡིན་པ་མ་ཚད་གཡུང་དྲུང་མི་འགྱུར་བའི་སྐུ་ཐོབ་ཅིང་ཡུན་རིང་དུ་གནས་པ་ལྟར་སྐུ་ལ་སྐྱེ་ཤི་ལ་སོགས་འཆི་བདག་གི་བདུད་མེད་པས་ཚེ་ལ་ཡང་ཆག་ཚད་མེད་པ་གསུངས་སོ། དེ་དག་གི་གནས་ཕྱོགས་ནི་རི་བདུན་གྱི་རྩེ་རྐོག་ལ་གནས་ཏེ། མེ་ཤིང་ལྡན་གྱི་གྲོང་ཁྱེར་སིང་ལྡེང་འཛིན་ལ་གནས་ནས། ཤིང་ཐོག་ཟ་བ་དང་། གནོད་སྦྱིན་གྱི་གྲོང་ཁྱེར་གཤོལ་མདའ་འཛིན་ལ་གནས་ཏེ། དྲི་ལ་ཟ་བ་དང་། གསེར་མདོག་ཅན་གྱི་གྲོང་ཁྱེར་གསེར་མདོག་ཅན་གྱི་རི་ལ་གནས་ཏེ། སྦྲང་རྩི་ཟ་བ་དང་། མཛེས་ལྡན་གྱི་གྲོང་ཁྱེར་བལྟ་ན་སྡུག་གི་རི་ལ་གནས་ཏེ། གླུ་གར་རྩེ་འཇོ་བྱེད་ཅིང་རླུང་ལ་ཟ་བ་དང་། ཅང་ཤེས་ཅན་གྱི་གྲོང་ཁྱེར་རྟ་སྣ་འཛིན་ལ་གནས་ཏེ། ཅང་ཤེས་གྱི་རྟ་ལ་ཞོན་པ་དང་། མོས་ལྡན་གྱི་གྲོང་ཁྱེར་ཀུན་འདུད་འཛིན་ལ་གནས་ཏེ། གཡུང་དྲུང་བོན་ལ་ཡོ་བྱད་མཆོད་སྦྱིན་འགྱེད་པ་དང་། འཁོར་ལོ་སྐྱོང་གི་གྲོང་ཁྱེར་མུ་ཁྱུད་འཛིན་ལ་གནས་ཏེ། སྲིད་གསུམ་ལ་བྱ་ར་བྱེད་ཅིང་མེ་ཏོག་ཟ་བ་དང་། ཚུལ་ཁྲིམས་རྣམ་པར་དག་པར་བསྲུང་བས་དེ་རུ་སྐྱེས་ཞེས། རྩ་རྒྱུད་ཉི་ཟེར་སྒྲོན་མ་ལས་གསུངས་པ་ལྟར་དུ་བཀོད་པའོ། །
Domain ཆོས་ལུགས།