From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
གཡེན་སྤྱོ་བ་ (1)
| Part of speech
|
མིང་ཚིག
|
| Definition
|
ཕྲ་མ་བྱེད་པའི་དོན་ཏེ། གཞན་མི་མཐུན་པར་བྱེད་པའི་ཚིག་སྨྲ་བའི་བྱ་བའི་མིང་།
|
གཡེན་སྤྱོ་བ་ (2)
| Part of speech
|
མིང་ཚིག
|
| Definition
|
སྡང་བའི་དོན་ཏེ་གཞན་ལ་ཁྲོ་བའམ་ཡིད་མི་དགའ་བའི་བྱ་བའི་མིང་།
|
གཡེན་སྤྱོ་བ་ (3)
| Part of speech
|
མིང་ཚིག
|
| Definition
|
ཅོ་འདྲི་བ་སྟེ་གཞན་ལ་འགྲན་ཟླའམ་གནོད་སྐྱེལ་བའི་དོན་ལ་འཇུག
|
གཡེན་སྤྱོ་བ་ (4)
| Part of speech
|
མིང་ཚིག
|
| Definition
|
འཇིགས་སྣང་སྐུལ་བའི་དོན།
|
གཡེན་སྤྱོ་བ་ (5)
| Part of speech
|
མིང་ཚིག
|
| Definition
|
དེད་པའི་དོན་ཏེ། མཐར་སྐྲོད་པ་དང་རྗེས་སུ་སྙེག་པ།
|
གཡེན་སྤྱོ་བ་ (6)
| Part of speech
|
མིང་ཚིག
|
| Definition
|
སེམས་འདོད་པས་གདུངས་ནས་བརྟན་པ་དང་བྲལ་བར་གྱུར་པའི་དོན་ཏེ།
|
| Example
|
ཁྱད་པར་འཕགས་བསྟོད་ལས། རྒྱས་པ་འདོད་གདུང་གཡེན་སྤྱོ་བ། བུད་མེད་ཀྱི་ནི་རྡོག་པས་བསྣུན། །ཞེས་པའི་ཐད་ཀྱི་འགྲེལ་པར། འདོད་ཆགས་ཀྱིས་ཡིད་གདུངས་ཤིང་གཟིར་བས་གཡེན་སྤྱོ་བ་སྟེ་སེམས་བརྟན་པ་དང་བྲལ་བས་ངོ་ཚ་མེད་པར་གྱུར་ཏེ་ཞེས་འབྱུང་བ་ལྟ་བུ།
|
གཡེན་སྤྱོ་བ་ (7)
| Part of speech
|
མིང་ཚིག
|
| Definition
|
ཚོད་ལྟའམ་ཁོག་ཚོད་ལེན་པའི་བྱ་བའི་མིང་སྟེ། མངོན་བརྗོད་ལེགས་བཤད་གསེར་གྱི་ལྡེ་མིག་ལས། གཡེན་སྤྱོ་ཅོ་འདྲི་ཚོད་བགམ་རྣམས། །ཚོད་ལྟ་ཁོག་ཚོད་ལེན་པའི་མིང་། །ཞེས་འབྱུང་བ་ལྟ་བུ།
|