10509

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:18, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གཡེར་གཤོང་ངག་དབང་དགེ་འདུན་ཟླ་གྲགས་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཉིས་པའི་ཤིིང་སྟག་ཕྱི་ལོ་ ༡༧༣༤ ལོར་མདོ་སྨད་རེབ་སྐོང་རྒན་གྱ་སྟོད་མའི་དཔོན་རྒྱུད་དུ་སྐུ་འཁྲུངས། ལྔ་པར་གཡེར་གཤོང་འཇམ་དབྱངས་བློ་གྲོས་ཀྱི་ཡང་སྲིད་དུ་ངོས་བཟུང་། གཡེར་གཤོང་བསམ་གཏན་ཆོས་འཕེལ་གླིང་གི་གདན་སའི་ཁྲིར་མངའ་གསོལ། བདུན་པར་མཁན་ཆེན་དགེ་འདུན་རྒྱ་མཚོ་ལས་རབ་ཏུ་བྱུང་། བཅུ་གཅིག་པར་མཚན་ཞབས་པ་བཙུགས། རིམ་བཞིན་བཀའ་པོད་ལྔ་ལ་སྦྱངས་པ་མཛད། མེ་རྒན་ཆོས་རྗེ་ལས་སྙན་ངག་སྦྱངས། རྡོ་རྗེ་འཛིན་པ་འཇམ་དབྱངས་གྲགས་པ་ལས་མི་ཏྲའི་དབང་སོགས་རྗེ་གོང་མ་ནས་བརྒྱུད་པའི་ཆོས་རྒྱུན་བཞུགས་ཚད་གསན། བཅུ་དྲུག་པར་སྣང་རའི་དགོན་གསར་བཀྲ་ཤིས་རབ་བརྟན་དུ་སྟོང་སྐོར་བསོད་ནམས་རྒྱ་མཚོ་ལས་ཕྲེང་དབང་གསན། བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས་ད་ལྟ་བ་དང་། བློ་བཟང་སྦྱིན་པ། རོང་བོ་དགོན་ཆེན་གྱི་སྨྲ་དབང་འཇམ་དབྱངས་དགེ་འདུན་བསྟན་འཛིན་སོགས་དགེ་བཤེས་བཅོ་ལྔ། བདེ་ཆེན་དང་བྱ་ཁྱུང་ནས་བྱོན་པའི་རིགས་པ་སྨྲ་བ་དག་ལ། ཉིན་བཞིན་བགྲོ་གླེང་ཚུགས། རྗེ་འདིའི་གྲྭ་སྐོར་མཛད། དགོན་ལུང་དུ་ཕེབས། ལྕང་སྐྱ་རིན་པོ་ཆེ་ལ་བཀའ་ཆོས་དང་དོགས་གཅོད་འགའ་ཞུས། ཨེར་ཏེ་ནི་པཎྜི་ཏ་ཧོ་ཐོག་ཐུའི་ཆོ་ལོ་བྱུང་། ཛ་སག་བླ་མ་དཀོན་མཆོག་ལྷུན་གྲུབ་ཀྱི་གདོང་རྒྱལ་བ་འཇམ་དབྱངས་རྒྱ་མཚོས་ཀྱང་མཁན་ཆས་གནང་། གདན་ས་ཡུམ་འབུམ་པའི་པར་ཤིང་གསར་བརྐོའི་ལས་གྲྭ་བཙུགས། ལོ་ལྔའི་རིང་དུ་ལེགས་པར་གྲུབ། ཉེར་དྲུག་པར་མཁན་ཆེན་ལས་བསྙེན་པར་རྫོགས། ཆོས་པ་རིན་པོ་ཆེའི་སྒྲུབ་ཁང་གི་ཤུལ་དུ་འདུ་ཁང་རྒྱ་བསྐྱེད། སྡེ་དགེ་ནས་བསྟན་འགྱུར་དང་ས་སྐྱའི་བཀའ་འབུམ་སོགས་པོད་ཉིས་བརྒྱ་བཞི་བཅུ་ཙམ་གདན་དྲངས། གདན་སར་གོང་མས་བཞག་པའི་བཅའ་ཡིག་ཅུང་ཟད་བསྡུས་པ་རྗེ་རྒྱས་སུ་བཏང། རྟིང་སྐུལ་རྒྱུན་འཇགས་མཛད་པས་གདན་སའི་ཆོས་ཀྱི་བྱ་བ་འཕེལ་རྒྱས་སུ་བཏང། དེ་དོན་དགུ་པ་རབ་བྱུང་བཅུ་བཞི་པའི་ལྕགས་ལུག་ཕྱི་ལོ་ ༡༨༡༡ ལོར་སྐུ་གཤེགས། གཡེར་གཤོང་སྐུ་ཕྲེང་གཉིས་པ་ཡིན།