10602

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:19, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གཡོན་ཅན་ (1)
Part of speech མིང་ཚིག
Definition གཞན་མགོ་སྐོར་བསླུ་བྲིད་གཏོང་བའི་ངན་གཡོ་ཅན་གྱི་དོན་ཏེ།
Example མི་གཡོན་ཅན་ལྟ་བུ།
གཡོན་ཅན་ (2)
Part of speech མིང་ཚིག
Definition བྱི་ལའམ་ཞུམ་བུའི་མིང་སྟེ། གཡོ་ཐབས་སམ་ལྐོག་འཇབ་བྱས་ཏེ་ཙི་ཙི་བཟུང་ནས་གསོད་པས་སོ། །
Type མངོན་བརྗོད།
གཡོན་ཅན་ (3)
Part of speech མིང་ཚིག
Definition འདོད་ལྷའི་མིང་སྟེ། འདོད་ལོག་སྤྱོད་པ་ཡིན་པས་དེ་ལྟར་ཐོགས།
གཡོན་ཅན་ (4)
Part of speech མིང་ཚིག
Definition ཕ་ཝང་སྟེ། སྔོན་དུད་འགྲོ་དང་འདབ་ཆགས་འཐབ་པ་ན། ཕ་ཝང་གིས་རྒྱང་ནས་བལྟས་ཤིང་། དུད་འགྲོ་རྒྱལ་ན། དུད་འགྲོའི་ཕྱོགས་སུ་བུད་ནས་རྐང་ལག་དང་སོ་བསྟན་ནས། ཁོའང་དུད་འགྲོ་ཡིན་ཟེར། འདབ་ཆགས་རྒྱལ་ཚེ། ཡང་འདབ་ཆགས་ཀྱི་ཕྱོགས་སུ་བུད་ནས། གཤོག་པ་བསྟན། ཁོ་ཡང་འདབ་ཆགས་ཡིན་ཟེར། ཕྱིས་སུ་དུད་འགྲོ་དང་འདབ་ཆགས་འདུམ་པར་གྱུར་ནས་གཡོ་སྒྱུ་ཅན་ལ་བློ་གཏད་མེད། ཅེས་ཕྱོགས་གང་གིས་ཀྱང་རིག་མི་ཉན་པར་གྱུར་བས་སོ། །