10899
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། མ་ཧཱ་ཡོ་ག རྙིང་མ། གར་དགུ་ནི། ཁྲོ་བོའི་ལྷ་ཚོགས་རྣམས་ཀྱི་བཞུགས་སྟངས་ཀྱི་ཉམས་དགུ་སྟེ། སྒེག་པའི་ཉམས་དང༌། དཔའ་བའི་ཉམས་དང་། མི་སྡུག་པའི་ཉམས་དང་། རྒོད་པའི་ཉམས་དང་། དྲག་ཤུལ་གྱི་ཉམས་དང༌། འཇིགས་རུང་བའི་ཉམས་དང་། སྙིང་རྗེའི་ཉམས་དང༌། རྔམས་པའི་ཉམས་དང་། ཞི་བའི་ཉམས་བཅས་དགུའོ། །དེ་ཡང་། ཕྱོགས་བཅུའི་མུན་སེལ་ལས། བདུད་བཞི་འཇོམས་པའི་ཁྲོ་བོ་གཤིན་རྗེ་གཤེད། སྟོབས་ཆེན། རྟ་མགྲིན། བདུད་རྩི་འཁྱིལ་བ་བཞི་བཙུན་མོའི་རང་བཞིན་ལྕགས་ཀྱུ། ཞགས་པ། ལྕགས་སྒྲོག དྲིལ་བུ་མ་བཞིའི་ཚོགས་དང་བཅས་པར་གར་དགུའི་རོལ་པས་གནས་སོ། །གར་དགུ་ནི་གློག་གི་ཕྲེང་བ་ལས། སྒེགས་པ་དཔའ་བ་མི་སྡུག་པ། །རྒོད་དང་དྲག་ཤུལ་འཇིགས་སུ་རུང་། །སྙིང་རྗེ་རྔམས་དང་ཞི་བ་སྟེ། །གར་དགུའི་ཉམས་དང་ལྡན་པའོ། །ཞེས་སོ། །ཞེས་གསུངས། |
| Domain | ཆོས་ལུགས། |