11124

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:25, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གྲངས་དྲུག་ཅུ་རྩ་བཞིའི་སྒྱུ་རྩལ་ (1)
Part of speech མིང་ཚིག
Definition བཟོ་ལས་སོགས་སུ་གཏོགས་པ་སུམ་ཅུ་དང་། རོལ་མོའི་བྱེ་བྲག་བཅོ་བརྒྱད། གླུ་དབྱངས་ཀྱི་ངེས་པ་བདུན། གར་གྱི་ཆ་བྱད་དགུ་སྟེ་སྡོམ་པས་དྲུག་ཅུ་རྩ་བཞི། དེ་ཡང་བཟོ་ལ་སོགས་པར་གཏོགས་པ་སུམ་ཅུ་ནི། སྒྱུ་རྩལ། ཡི་གེ། ལག་རྩིས། གྲངས། རྩིས་ཆེན། ཐོར་ཚུགས། གོམ་སྟབས། ལྕགས་ཀྱོས་བསྒྱུར་ཐབས། རལ་གྲིའི་ཐབས། ཞགས་པ་གདབ་པ། མདའ་བོ་ཆེ་འཕེན་པ། མདུན་དུ་བསྣུར་བ། ཕྱིར་བསྣུར་བ། བཅད་པ། དྲལ་བ། དབུག་པ། རྒྱང་ན་འཕོག་པ། ཚབས་ཆེ་བ། སྒྲ་གྲགས་པར་འཕོག་པ། གནད་དུ་འཕོག་པ། མི་ཚོར་བར་འཕོག་པ། མཆོང་བ། གྱད་ཀྱི་འཛིན་སྟངས། བང་རྐྱལ། བརྒལ་བ། གླང་མོ་ཆེའི་གཉར་ཞོན་པ། རྟ་ལ་ཞོན་པ། ཤིང་རྟའི་ཐབས། མདའ་གཞུ། གྱད་སྟོབས་དང་སུམ་ཅུའོ། །རོལ་མོའི་བྱེ་བྲག་བཅོ་བརྒྱད་ནི། བྲོ། རྔ་བོ་ཆེ། རྫ་རྔ། རྔ་ཕྲན། རྔ་ཆེན་པོ། འཁང་རྔ། པི་ཝང་རྒྱུད་གཅིག་པ། རྫ་རྔ་ཁ་གཅིག་པ། ལྕགས་ཀྱི་སྲིལ་ཁྲོལ། འཁར་བའི་སིལ་ཁྲོལ། པི་ཝང་རྒྱུད་གསུམ་པ། རྔ་མུ་ཀུནྡ། སིལ་སྙན། གླུ་དབྱངས། ཕེག་རྡོབ། རོལ་མོའི་སྒྲ། པི་ཝང་། གླིང་བུ་དང་བཅོ་བརྒྱད་དོ། །གླུ་དབྱངས་ཀྱི་ངེས་པ་བདུན་ནི། བར་མ། དྲང་སྲོང་། ས་འཛིན། དྲུག་ལྡན། ལྔ་པ། བློ་གསལ། འཁོར་ཉན་དང་བདུན་ནོ། །གར་གྱི་ཆ་བྱད་དགུ་ནི། སྒེག་པ། དཔའ་བ། མི་སྡུག་པ། དྲག་ཤུལ། བཞད་གད། འཇིགས་རུང་། སྙིང་རྗེ། རྔམ་པ། ཞི་བ་དང་དགུའོ། །