11237

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:26, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གྲལ་རིམ་དུ་མ་ཕེབས་པར་ཟ་བའི་སོར་བཤགས་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། གླེང་གཞི་ནི་མཉན་ཡོད་དུ་ཁྱིམ་པས་དགེ་འདུན་ལ་མཆོད་སྟོན་འདྲེན་པ་ན། དགེ་སློང་མས་བསྐོ་བཤམ་ཕྱིན་ཅི་ལོག་ཏུ་བྱེད་པ་དེ་མ་བཟློག་པར་དྲུག་སྡེ་རྣམས་ཀྱིས་ཟོས་པ་ལས་སོ་སོར་བཤགས་པར་བྱ་བར་བཅས་སོ། །དགག་བྱ་ནི་ཆགས་པས་རྐྱེན་བྱས་ཏེ་རང་རིགས་ཀྱི་བསླབ་པ་ལ་གནོད་པ་དང་། གྲོགས་ཀྱི་འཚོ་བ་ལ་གནོད་པའོ། །ངོ་ཏི་ནི་དགེ་སློང་གསུམ་ཡན་ཆད་ཁྱིམ་པས་མགྲོན་དུ་བོས་པ་ན་དགེ་སློང་མས་བསྐོ་བཤམ་ཕྱིན་ཅི་ལོག་ཏུ་བྱེད་པ་དེ་མ་བཟློག་པར་བཅས་ལྡན་དགེ་སློང་གིས་ཟོས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་བཞི་སྟེ། གང་གི་བཟའ་བའི་སྦྱིན་བདག་དང་། གང་དག་དང་ཟ་བའི་གྲོགས་དང་། གང་བཟའ་བའི་དངོས་པོ་དང་། གང་གིས་བཟའ་བའི་རྟེན་ནོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་བསྐོ་བཤམ་ཕྱིན་ཅི་ལོག་ཏུ་བྱས་པ་དེ་རང་དོན་དུ་བཟའ་བར་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ཟ་བར་རྩོམ་པའོ། །མཐར་ཐུག་ནི་མགུལ་དུ་མིད་པའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། །པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས། དགེ་སློང་གི་ཁྱིམ་བདག་གིས་དགེ་འདུན་སྤྱི་ལ་གདུགས་ཚོད་འདྲེན་པའི་ཚེ་དགེ་སློང་མ་འགའ་ཞིག་གིས་དགེ་སློང་ལ་ངོས་མགྲོན་བྱེད་པ་ལ་ཞུགས་པ་ན་ཚིག་གིས་མ་ལྡོག་པར་དེས་ངོས་མགྲོན་བྱས་པའི་ཟས་བླངས་ཏེ་ཟོས་པའོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:གྲལ་རིམ་དུ་མ་ཕེབས་པར་ཟ་བའི་སོར་བཤགས་

|; |@@@ | | }}