11415

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:28, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གྲུབ་ཆེན་ཡེ་ཤེས་རྡོ་རྗེ་ (1)
Part of speech མིང་ཚིག
Definition གྲུབ་ཆེན་ཡེ་ཤེས་རྡོ་རྗེ་ནི་ཕྱི་ལོ་ ༡༦༥༥ ཤིང་ལུག་ལོ་སྨར་ཁམས་སྟག་ར་འབྲོག་པ་ཡབ་མགོན་པོ་དང་ཡུམ་པདྨ་སྒྲོལ་མ་གཉི་ལས་སྐུ་འཁྲུངས། འབྲུག་པ་བཀའ་བརྒྱུད་ཀྱི་བླ་མ་ཡེ་ཤེས་ལས་རབ་ཏུ་བྱུང་བས་མཚན་ཡེ་ཤེས་རྡོ་རྗེ་གསོལ། བླ་མ་དེ་ཉིད་ལས་འབྲུག་པ་བཀའ་བརྒྱུད་ཀྱི་ཆོས་བསྐོར་གསན། ཀཿཐོག་སོགས་ལ་ཕེབས་ནས་ཕྱག་ཆེན་མན་ངག་རྒྱ་མཚོ་དང་རྫོགས་ཆེན་གྱི་ཆོས་བསྐོར་གསན་བསམ་སྒོམ་གསུམ་མཛད། སླར་སྨར་ཁམས་སྲིན་ཆེན་བྲག་ལ་ཕེབས་ནས་སྲིན་མོ་འདུལ་ཞིང་བྲག་རི་དེར་བཅུད་ལེན་གྱི་ཟས་རོལ་ནས་སྐུ་ཚེ་ཧྲིལ་པོ་སྒོམ་སྒྲུབ་ཉམས་ལེན་མཛད་པས་རྩ་རླུང་དབང་དུ་བསྒྱུར་ནས་ནམ་མཁའ་ལ་འཕུར་བ་སོགས་གྲུབ་ཐོབ་ཆེན་པོ་གྱུར། སྲིན་ཆེན་བྲག་ལ་ཁོང་གི་སྒྲུབ་ཕུག་ད་ལྟའང་མཇལ་རྒྱུ་ཡོད། དགུང་ལོ་བདུན་ཅུ་དོན་གསུམ་མེ་ལུག་ལོར་བདེ་བར་གཤེགས།