11522

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:30, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གྲུབ་མཐས་བློ་མ་བསྒྱུར་བའི་ཉན་པ་པོ་ (1)
Part of speech མིང་ཚིག
Definition དབུ་མ། མདོ་སྡེ་ས་བཅུ་པ་ལས། དུ་བ་ལས་ནི་མེར་ཤེས་དང་། །ཆུ་སྐྱར་ལས་ནི་ཆུར་ཤེས་ལྟར། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་མཚན་མ་དག་ལས་ཤེས། །ཞེས་གསུངས་པའི་རིགས་མཚན་མ་ལས་ཤེས་ཚུལ་ནི། འཇུག་པ་ལས། སོ་སོ་སྐྱེ་བོའི་དུས་ནའང་སྟོང་པ་ཉིད་ཐོས་ནས། །ནང་དུ་རབ་ཏུ་དགའ་བ་ཡང་དང་ཡང་དུ་འབྱུང། །རབ་ཏུ་དགའ་བ་ལས་བྱུང་མཆི་མས་མིག་བརླན་ཤིང་། །ལུས་ཀྱི་བ་སྤུ་ལྡང་བར་འགྱུར་བ་གང་ཡིན་པ། །དེ་ལ་རྫོགས་པའི་སངས་རྒྱས་བློ་ཡི་ས་བོན་ཡོད། །དེ་ཉིད་ཉེ་བར་བསྟན་པའི་སྣོད་ནི་དེ་ཡིན་ཏེ། །དེ་ལ་དམ་པའི་དོན་གྱི་བདེན་པ་བསྟན་པར་བྱ། །ཞེས་པ་ལྟར་རོ། །དེ་ལ་ནི་དང་པོ་ཉིད་ནས་མཚན་ཉིད་གཏན་འབེབས་དང་། སྒྲུབ་པ་ཉམས་ལེན་གྱི་ཚུལ་གྱིས་དོན་དམ་པའི་བདེན་པ་བསྟན་པར་བྱ་སྟེ། དེ་ལ་དེའི་རྗེས་སུ་འགྲོ་བའི་ཡོན་ཏན་འབྱུང་བའི་ཕྱིར་རོ། །ཞེས་ཀུན་མཁྱེན་གོ་རམས་པས་དབུ་མའི་སྤྱི་དོན་ལས་གསུངས་སོ། །
Domain ཆོས་ལུགས།