11535
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གྲུབ་སྲས་འཇམ་མགོན་པདྨ་བདེ་ཆེན་མཆོག་ནི། གྲུབ་དབང་ཤཱཀྱ་ཤྲིའི་གདུང་སྲས་སུ་མེ་སྦྲུལ་ ༡༩༡༧ ལོར་སྐུ་འཁྲུངས། རང་གི་ཁུ་བོ་རྒྱལ་སྲས་འཕགས་མཆོག་རྡོ་རྗེ་ལས་གྲུབ་དབང་སྙན་བརྒྱུད་སོགས་ཆོས་བཀའ་མཐའ་དག་གསན། བསྙེན་པར་རྫོགས་ཏེ་དམ་པའི་ཚུལ་དགུ་དང་ལྡན་པའི་མཁས་པ་ཆེན་པོར་གྱུར། གསོལ་སྡེར་མཐོང་གྲོལ་ལྷ་ཁང་དུ་གུ་རུའི་སྐུ་ཟངས་གསེར་ལས་བསྐྲུན་པ་ཐོག་བརྩེགས་གསུམ་ལོངས་པ་སོགས་རྟེན་བཞེངས་རྒྱ་ཆེར་མཛད། རྒྱལ་སྲས་འཕགས་མཆོག་རིན་པོ་ཆེའི་ཡང་སྲིད། ཁམས་སྤྲུལ་དོན་བརྒྱུད་ཉི་མ་དང་། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་གཉིས་ལ་དགོངས་བརྟགས་ཞུས་ཏེ། ལོ་གཉིས་རིང་རྩད་གཅོད་བྱས་མཐར། གོ་འཇོའི་ཁུལ་དུ་སྐུ་འཁྲུངས་པ་གསོལ་སྡེར་དགོན་དུ་སྤྱན་དྲངས་ཏེ་གསེར་ཁྲིར་བཞུགས་སུ་གསོལ། བསྡུ་བ་རྣམ་བཞིའི་སྒོ་ནས་རིས་སུ་མ་ཆད་པའི་རེ་འདོད་སྐོང་བས་ཀུན་གྱིས་མངོན་པར་བསྟོད་པའི་གནས་སུ་གྱུར། དགུང་གྲངས་ཞེ་བཞི་པ་ལྕགས་བྱི་ ༡༩༤༠ ཧོར་ཟླ་གསུམ་པའི་ཚེས་བཅོ་ལྔ་ལ་གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་བསྡུས། |