11536

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:30, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གྲུབ་སྲས་འཕགས་མཆོག་རྡོ་རྗེ་ (1)
Part of speech མིང་ཚིག
Definition ཁམས་གྲུ་རི་གསོལ་སྡེར་ཁར། ཡབ་གྲུབ་དབང་ཤཱཀྱ་ཤྲཱི་ཛྙཱ་ན་དང༌། ཡུམ་ཐོ་ཚ་བ་ཆོས་བཟང་སྒྲོལ་མ་གཉིས་ཀྱི་སྲས་སུ། རབ་བྱུང་བཅོ་ལྔ་པའི་ཆུ་སྦྲུལ་ ༡༨༩༣ ལོར་འཁྲུངས། འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཐུགས་སྤྲུལ་དུ་གྲགས། རིམ་པས་ཡབ་ལས་རང་གཏེར་དག་སྣང་སྙན་བརྒྱུད་ཀྱི་སྐོར་ཀྱི་སྨིན་གྲོལ་ཆ་ཚང་དང༌། སྔོན་འགྲོ་དང་དངོས་གཞི་ཕྱག་རྫོགས་ཀྱི་ཉམས་ཁྲིད་ཞིབ་ཆ་བསྩལ་ནས། རྟོགས་པ་དོན་གྱི་རྒྱལ་ཚབ་ཏུ་མངའ་གསོལ། ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོའི་དྲུང་ནས་བསྙེན་པར་རྫོགས། ཕན་ཚུན་བཀའ་ཆོས་སྤེལ་མར་གསན་བཞེས་གནང༌། ཁམས་སྤྲུལ་དྲུག་པ་དང༌། ཆབ་མདོ་འཕགས་པ་ལྷ་ཕྲིན་ལས་རྒྱ་མཚོ། གཏེར་ཆེན་ཉི་གྲགས། རྒྱལ་བ་ཐུབ་བསྟན་རྒྱ་མཚོ། མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། ཞེ་ཆེན་རྒྱལ་ཚབ། འབྲུག་པ་སྐུ་ཕྲེང་བཅུ་པ། ཨ་འཛོམ་འབྲུག་པ་སོགས་གསར་རྙིང་རིས་མེད་ཀྱི་དམ་པའི་སྐྱེས་བུ་མང་པོ་བསྟེན་ཅིང༌། སྨིན་གྲོལ་ཟབ་ཆོས་མང་དུ་གསན། འཆད་རྩོམ་སོགས་མཁས་པའི་བྱ་བ་ལ་ཐོགས་པ་མེད་པར་གྱུར། ཉེར་ལྔར་བལ་ཡུལ་དུ་ཕེབས་ནས། ཡབ་རྗེའི་དགོངས་བཞེད་བཞིན། རང་བྱུང་མཆོད་རྟེན་འཕགས་ཤིང་སོགས། བལ་ཡུལ་མཆོད་རྟེན་རྣམ་གསུམ་ཉམས་གསོ་མཐར་ཕྱིན་པ་མཛད། རབ་ཏུ་གནས་པའི་ཚེ་འཕེལ་གདུང་བབས་པ་སོགས་ངོ་མཚར་ཁྱད་དུ་འཕགས་པ་བྱུང༌། གཞན་ཡང་བྱར་སྐྱིད་ཕུག སེར་བཀྲ་ཤིས་སྟེང༌། གྲུ་གུ་གསོལ་སྡེར་ཁར་སྒྲུབ་སྡེ་གསར་འཛུགས་དང༌། གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་བཞེངས། གྲུབ་དབང་རིན་པོ་ཆེའི་འདྲ་སྐུ་བཞེངས་པ་ལས། ཕྱིས་དབུ་སྐྲ་ཉག་མ་མཐོ་གང་འཁྲུངས་པའི་ངོ་མཚར་ཅན་བྱུང༌། མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་དང༌། དིལ་མགོ་མཁྱེན་བརྩེ་བཅས་ལ་གྲུབ་དབང་དགོངས་གཏེར་སྐོར་ཕུལ་བ་སོགས་ཕྲིན་ལས་ཕྱོགས་བརྒྱར་སྤེལ། གྲུ་གུ་ལྷོ་བྲག་ཕུག་ཏུ་ལོ་བཅུ་གསུམ་ཙམ་སྒྲུབ་ལ་གཞོལ་བས། ཉམས་རྟོགས་འཁྲུངས། སྐུ་ཆིངས་གསོལ་སྐབས་སྐུ་མི་སྣང་བར་སྐུ་ཆིངས་ལ་མདུད་པ་ཐེབས་པ་སོགས་ངོ་མཚར་མང༌། སྒྲུབ་པའི་ཞར་དུ་གོ་འཇོ་མཁར་ལེར་རི་ཁྲོད་དུ་སྒྲུབ་ཆེན་བཙུགས་ཤིང༌། དུད་གྲངས་སུམ་བརྒྱ་ཙམ་གྱིས་ལོ་གཅིག་ལ་སྒོ་བཤས་སྤོང་བར་ཁས་བླངས་པས་མཚོན། སྐྱེ་བོ་དུ་མ་ཕན་བདེ་ལ་འགོད་བཞིན་པར། ལྔ་བཅུ་ལ་ཁྲག་རླུང་ལྟ་བུས་སྐུ་ཁམས་མ་བདེ་བར། ང་གཅིག་པ་ཆུ་ལུག་ ༡༩༤༣ ལོའི་བོད་ཟླ་བཅུ་གཅིག་པའི་གནམ་གང་ཉིན་སྐུ་གཤེགས། གདུང་རུས་ལ་ཀློང་ཆེན་པའི་སྐུ་རང་བྱོན་དང་རིང་བསྲེལ་ཁ་དོག་སྣ་ཚོགས་པ་བྱོན། གསུང་རྩོམ། ངེས་དོན་ཕྱག་རྒྱ་ཆེན་པོའི་ཁྲིད་རིམ་གྱི་ཟིན་ཐུན་ཞལ་གདམས་གསུང་མགུར་སོགས་པོད་གསུམ་ཙམ་བཞུགས། སློབ་མ་ནི། མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། དིལ་འགོ་མཁྱེན་བརྩེ་རིན་པོ་ཆེ། ཁམས་སྤྲུལ་བརྒྱད་པ། འཛི་སྒར་ཐུགས་སྲས། གྲུ་གུ་ཆོས་རྒྱལ་རྒྱ་མཚོ། ཁམས་སྲས་ངག་དབང་བདེ་ཆེན། གཏེར་སྟོན་རིན་ཆེན་གླིང་པ། གྲུ་གུ་བླ་རྒན་སྤྲུལ་སྐུ། ཁམས་སྒར་ཡོན་དགེ་སྤྲུལ་སྐུ། གནས་མདོ་ཆགས་མེད་རིན་པོ་ཆེ། འཕགས་པ་ལྷ་ཕྲིན་ལས་རྒྱ་མཚོ། འཇམ་མགོན་པདྨ་བདེ་ཆེན། རྒྱ་གར་བ་བློ་གྲོས་རྡོ་རྗེ། སྔོ་ཤུལ་ཀུན་དགའ། ཨར་རྩ་སྤྲུལ་སྐུ་འཇིགས་དགའ། ཉེ་གནས་བླ་མ་སངས་རྒྱས་རྡོ་རྗེ་སོགས་མང་ངོ་། །