From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
གྲོ་བཞིན་ཟླ་བ་ (1)
| Part of speech
|
མིང་ཚིག
|
| Definition
|
འདུལ་བའི་གཞུང་ལས་བོད་ཟླ་དྲུག་པའི་ཚེས་བཅུ་དྲུག་ནས་བདུན་པའི་བཅོ་ལྔའི་བར་དུ་གྲོ་བཞིན་ཟླ་བ་ཟེར།
|
གྲོ་བཞིན་ཟླ་བ་ (2)
| Part of speech
|
མིང་ཚིག
|
| Definition
|
ཉ་སྐར་ལ་བརྟེན་ནས་བཏགས་པའི་འཕགས་ཡུལ་དང་ཤམ་བྷ་ལའི་ལུགས་ཀྱི་ཟླ་བའི་མིང་ཞིག་སྟེ། ཡར་ཚེས་བཅོ་ལྔའི་མཚན་མོར་ཉ་རྒྱས་ཟླ་བ་དང་ལྷན་དུ་ནམ་སྐྱེལ་བའི་སྐར་མ་ནི་གྲོ་བཞིན་ཡིན་པའི་ཚེས་ཟླ་དེའི་མིང་གི་ཐ་སྙད་ཡིན། ཟླ་བ་དེ་ནི་ཧོར་ཟླ་དྲུག་པའི་ཚེས་བཅུ་དྲུག་ནས་བདུན་པའི་བཅོ་ལྔའི་བར་ཡིན་ཡང་རྒྱུན་སྤྱོད་ལྟར་ན་ཧོར་ཟླ་བདུན་པའི་ཚེས་གཅིག་ནས་སུམ་ཅུའི་བར་ལ་ངོས་འཛིན་བྱེད་ཅིང་། དེ་ལུགས་གཞན་དང་ལྟོ་སྦྱར་ན་འབྱུང་རྩིས་པའི་ལུགས་ཀྱི་ཁྱི་ཟླ་སྟེ་སྟོན་ཐ་དང་། རྟེན་འབྲེལ་བའི་ལུགས་ཀྱི་སྲེག་པའི་ཟླ་བ། བོད་རྒྱལ་པོའི་ལུགས་ཀྱི་དབྱར་ཟླ་ཐ་ཆུང་། ཉི་མ་གང་དུ་གནས་པའི་ཁྱིམ་གྱི་ཆ་ནས་བཏགས་པའི་སེང་གེའི་ཁྱིམ་ཟླ་བཅས་ཡིན།
|
| Domain
|
རྩིས་རིག
|