11626
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅུ་བཞི་པའི་ས་ཡོས་ཕྱི་ལོ་ ༡༨༡༩ ལོར་ཕྱག་རྡོ་ཐང་གྲོ་མོ་ཁྲོང་སྡེ་བར་ཡབ་ཀ་ལུའུ་ཧྲི་དང་། ཡུམ་ཙི་མི་ཧཱ་གཉིས་ཀྱི་སྲས་སུ་འཁྲུངས། རབ་བྱུང་བཅོ་ལྔ་པའི་ཤིང་ལུག་ཕྱི་ལོ་ ༡༨༩༥ ལོར་སྐུ་གཤེགས། བདུན་པར་སྐྱབས་རྗེ་ཆེ་ཤོས་ངག་དབང་བཤད་སྒྲུབ་བསྟན་པའི་ཉི་མ་ལས་རབ་བྱུང་དང་། དགེ་ཚུལ་བསྒྲུབས། བཅོ་ལྔ་བར་སྐུ་འབུམ་དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས། ཐོས་བསམ་ལ་བརྩོན་འགྲུས་མཛད། དབུས་སུ་ཕེབས། རྒྱལ་བ་ཡབ་སྲས་དང་། ཇོ་ཤཱཀ་རྣམ་གཉིས་སོགས་གནས་རྟེན་མང་པོར་མཇལ་ཕྱག་སྨོན་འདུན་མཛད། རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེ་ལས་བསྙེན་པར་རྫོགས། རེ་དྲུག་པ་རབ་བྱུང་བཅོ་ལྔ་པ་པར་རང་ཡུལ་དུ་ཕེབས། རེ་དྲུག་པ་རབ་བྱུང་བཅོ་ལྔ་པའི་ཤིང་སྤྲེལ་ཕྱི་ལོ་ ༡༨༨༤ ལོར་སྐུ་འབུམ་དུས་འཁོར་དཔོན་སློབ་ཀྱི་ཁྲིར་ཕེབས། ཟླ་བ་ཁ་ཤས་ཙམ་བཞུགས་རིང་ལོ་གཅིག་གི་གཏོང་སྒོ་མ་ཉམས་པར་བཏང་མཛད། ལན་གཉིས་ཙམ་ཐོར་གོད་ཤོག་ཏུ་ཕེབས། གདུལ་བྱའི་རེ་འདོད་བསྐངས། སྐུ་འབུམ་དུ་ཕེབས། དདོན་བདུན་པ་རབ་བྱུང་བཅོ་ལྔ་པའི་ཤིང་ལུག་ཕྱི་ལོ་ ༡༨༩༥ ལོར་སྐུ་གཤེགས། སྐུ་འབུམ་དུས་འཁོར་དཔོན་སློབ་ཀྱི་ཁྲི་རབས་སུམ་ཅུ་པ་ཡིན། |