11809
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། མ་ཧཱ་ཡོ་ག རྙིང་མ། ལམ་གྱི་ངོ་བོ་མཆོག་གི་སེམས་ལྔའི་ཡ་གྱལ་གྲོལ་ལམ་གྱི་སེམས་ལྔ་ནི། གཡོ་ལྡང་བྱང་ཆུབ་ཀྱི་སེམས། སྨོན་པ་བྱང་ཆུབ་ཀྱི་སེམས། འཇུག་པ་བྱང་ཆུབ་ཀྱི་སེམས། གནས་པ་བྱང་ཆུབ་ཀྱི་སེམས། མཐར་ཕྱིན་པ་བྱང་ཆུབ་ཀྱི་སེམས་བཅས་ལྔ་སྟེ། རྒྱུད་ཀྱི་ཁོག་དབུབ་རིན་པོ་ཆེ་འབར་བའི་གུར་ལས། སྐབས་འདིར་མཆོག་གི་སེམས་ལྔ་ལ་གཉིས་ཏེ། གྲོལ་ལམ་གྱི་སེམས་ལྔ་ནི། སྐྱེ་བོ་དང་མུ་སྟེགས་ཐེག་པ་འོག་མ་རྣམས་ཀྱི་ཞེ་འདོད་ལས་གྲོལ་ནས། གསང་སྔགས་སུ་འགོ་གཡོ་བ་ནི་གཡོ་ལྡང་བྱང་ཆུབ་ཀྱི་སེམས་དང་། ཞི་བདེ་དབྱེར་མེད་ཀྱི་དོན་ཁོང་དུ་ཆུད་པར་སྨོན་པ་ནི་སྨོན་པ་བྱང་ཆུབ་ཀྱི་སེམས་དང་། དབྱེར་མེད་ཀྱི་དོན་ལ་འཇུག་པ་ནི་འཇུག་པའི་སེམས་དང་། ཞུགས་ནས་དབྱེར་མེད་ཀྱི་དོན་ལ་གནས་པ་ནི་གནས་པའི་སེམས་དང་། གནས་པས་ལམ་ལྔ་མཐར་ཕྱིན་པ་མཐར་ཕྱིན་པའི་སེམས་སྐྱེ་བའོ། །ཞེས་གསུངས། |
| Domain | ཆོས་ལུགས། |