11897

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:33, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གླག་ (1)
Part of speech མིང་ཚིག
Definition རི་བོང་དང་ལུ་གུ་སོགས་བཟུང་ནས་འཚོ་བའི་བྱའི་རིགས་ཤིག་སྟེ། གཟུགས་དབྱིབས་སོགས་བྱ་གོ་བོ་དང་མཚུངས་ཤིང༌། དེ་ལས་ཅུང་ཟད་ཆུང་ཞིང་སྤུའི་སྒྲོ་མདོག་ནག་ཁྲའམ་ཁམ་དམར་ཡིན་པ་དང༌། སྤྱི་གཙུག་དང༌། གཉའ་སྟེང༌། ཕྲག་པ་བཅས་ཀྱི་སྒྲོ་ཆུང་གི་སྤུ་ས་མདོག་ལ་དམར་ཤས་ཅུང་ལྡན་པ། སྒྲོ་ཐམས་ཅད་ལ་དཀར་སེར་འདྲེས་པའི་ཁྲ་ཐིག་ཡོད་ཅིང༌། རྒྱབ་ཀྱི་སྒྲོ་དང་མཇུག་མའི་སྒྲོ་གཉིས་ཀྱང་རྩེ་མོ་ས་མདོག་ལ་བྱིངས་ཁམ་ནག་ཡིན་པ། གཤོག་སྒྲོ་ཆེ་ཆུང་རིང་ཐུང་ཚང་མ་ནག་པོ་ཡིན་པ་སྒྲོ་ཚང་མ་དཀར་པོ་ཡིན་ཞིང༌། ལྟོ་བའི་ལོགས་དང་མཇུག་མའི་འོག་ཏུ་སྤུ་ཡང་ཁམ་སྐྱ་དང་མཇུག་སྒྲོ་ནག་པོའི་དཀྱིལ་དུ་དཀར་ཐིག་ཡོད་པ་བཅས། རྒྱུན་དུ་གཙོ་བོ་སྤང་ལྗོངས་དང༌། མཚོ་འགྲམ། ཞིང་གསེབ་སོགས་སུ་འཚོ་སྡོད་བྱེད་ཅིང༌། ཟས་སུ་གཙོ་བོ་རི་བོང་དང༌། འཕྱི་བ། ཨ་བྲ། ཉ་སོགས་ཟ་བ་མ་ཟད། ལུ་གུ་སོགས་བཟུང་ནས་ཟ་བ་ཡིན།