12008

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:34, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གླང་སྣ་དང་པོ་སྤི་ཏིའི་གྲུབ་ཆེན་རང་རིག་རས་པ་ཀུན་དགའ་རྒྱ་མཚོ་ (1)
Part of speech མིང་ཚིག
Definition མངའ་རིས་སྤི་ཏིའི་ཕྱོགས་ཤྲཱི་མཉྫུ་ཞེས་པར། ཡབ་བླ་མ་ཤཱཀྱ་ཚེ་རིང་དང༌། ཡུམ་ཚེ་རིང་སྒྲོལ་མ་གཉིས་ཀྱི་སྲས་སུ། རབ་བྱུང་བཅུ་པའི་ས་ལུག་ ༡༦༡༩ ལོར་འཁྲུངས། དགུང་ལོ་གསུམ་པ་ལ་རྡོ་རྗེ་སྐྱིལ་ཀྲུང་བཅས་ཏེ། བྱིས་པ་མང་པོའི་འཁོར་ལ་ཆོས་བསྟན། བདུན་པར་བླ་མ་པད་དཀར་ཕྲིན་ལས་ལ་གཙུག་ཕུད་ཕུལ། མཚན་ཀུན་དགའ་རྒྱ་མཚོར་བཏགས། བསྙེན་རྫོགས་བསྒྲུབས། ཆོས་རྗེ་བདེ་མཆོག་གུ་རུ་དང༌། གྲུབ་ཆེན་བདེ་བ་རྒྱ་མཚོ་གཉིས་ལས་ཕྱག་ཆེན་དང་ཆོས་དྲུག་སོགས་གསན། བཅུ་གཉིས་ལོན་པའི་སྐབས། ནཱ་ག་ཀོ་ཊིར་བྱོན། རྡོ་རྗེ་ཕག་མོས་རྗེས་སུ་བཟུང་སྟེ། མེ་དབང་མནོས་པས་བདེ་དྲོད་རང་འབར་དུ་གྱུར། ཡུལ་ཉེར་བཞིའི་ཡ་གྱལ་མཐེ་བོང་མ་རུར་ཆོ་འཕྲུལ་མང་དུ་བྱུང་བ་ཟིལ་གྱིས་མནན། མ་མོ་ཨེ་ཀ་ཛ་ཊིས་རང་གཟུགས་བསྟན་ཏེ་ཕྲིན་ལས་བསྒྲུབས། མཉྫུ་ཕུག་ཏུ་གསང་བའི་བདག་པོ་དངོས་སུ་གཟིགས། གྲུབ་ཆེན་དཔག་བསམ་ཡེ་ཤེས་ལས། འཕོ་བ་འཇག་ཚུགས་མ་སོགས་གདམས་པ་གསན། སྒམ་སྨྱོན་ཕྱག་རྡོར་ནོར་བུའི་མདུན་ནས། བཀའ་གཏེར་གྱི་སྨིན་གྲོལ་མང་དུ་གསན། ཉམས་རྟོགས་ཕུལ་བའི་ཚེ། རང་རིག་པའི་ཡེ་ཤེས་མངོན་དུ་གྱུར་པ་འདི་འདྲ་ལ་ཟེར་བ་ཡིན་ཞེས་གསུངས་ཏེ་རང་རིག་རས་པར་གྲགས། བོད་མཁས་པ་དང་བཀའ་ཆོས་ཕར་གསན་ཚུར་གསན་མཛད་ཅིང༌། སྐྱིད་གྲོང་དུ་འཕགས་པ་ཝ་ཏིའི་བཟང་པོ་མཇལ་བའི་ཚེ། ཐུགས་ནས་འོད་ཟེར་འཕྲོས་པ་རང་ལ་ཐིམ་ནས་བྱིན་གྱིས་བརླབས། རྡོ་རྗེ་གདན་དུ་ཐུབ་དབང་དངོས་སུ་གཟིགས། རྒྱ་བལ་བོད་དང་ཨཽ་ཌི་ཡཱ་ནའི་གནས་ཕལ་ཆེར་བགྲོད། གཉའ་ནང་བདེ་ཆེན་སྟེང་དུ། དཀའ་སྤྱད་ལོ་བཅུ་གཉིས་སུ་མཛད། གཡུ་མཚོར་རྡེའུ་བཅུད་ལེན་ལོ་གསུམ་གནང༌། དག་པ་ཤེལ་རིའི་རྩེར་བྱོན། མཁར་ཆུར་རྡེའུ་བཅུད་ལེན་ལོ་གསུམ་གནང༌། སྟག་སོ་གངས་རར་ལོ་གསུམ་སྒྲུབ་པར་བཞུགས། རྒྱལ་དབང་མི་ཕམ་དབང་པོས། འཕོ་བ་འཇག་ཚུགས་མ་སོགས་ཟབ་ཆོས་ཅི་རིགས་གསན། གཙང་ལུང་སྡེ་པས་ཀྱང་བཀའ་ཆོས་ཞུས། བུག་སྒོར་ཐེལ་ཙེ་རྒྱོབ་ལ། ཟླ་བ་གསུམ་གྱི་རིང་མ་ཡོང་གསུང༌། ཟླ་བ་གསུམ་སོང་རྗེས་བལྟས་ཚེ་སྐུ་གཟི་མདངས་སྔར་ལས་ཆེ་བར་བཞུགས་པས་ཀུན་དད། ཟག་མེད་ཀྱི་མངོན་མཁྱེན་མངའ། རྩ་བརྒྱད་སྟོང་སྦྱར་གྱི་རིལ་བུས་ཨོ་རྒྱན་དུ་བྱོན་པ་སོགས་ངོ་མཚར་མཐའ་ཀླས། བལ་མོན་བོད་ཀྱི་འདུམ་སྒྲིག ཟམ་ཆེན་བཙུགས་པ་དང། བྱ་རུང་ཁ་ཤོར་ཉམས་གསོ་སོགས་མཛད་པའི་མཐར། དགུང་ལོ་རེ་ལྔ་པ་ཆུ་ཕག་ ༡༦༨༣ ལོའི་བོད་ཟླ་དགུ་པའི་ཚེས་ཉེར་བདུན་ལ་ཁ་ཆེའི་ཡུལ་དུ་དགོངས་པ་གཤེགས། ཐུགས་ལྗགས་སྤྱན་གསུམ་དང་ལྷ་སྐུ་རིང་བསྲེལ་བྱོན་པ་རྣམས་ལ་ཕྱི་སྙན་གཡོན་དང་བལ་ཡུལ་དུ་གདན་དྲངས། བྱ་རུང་ཁ་ཤོར་གྱི་ཤར་འདབས་ཀྱི་གདུང་རྟེན་ནང་དུ། རིང་བསྲེལ་ཏིང་གང་བཞུགས་པར་གདུང་རྟེན་དཀར་ཆག་ཏུ་བཤད། སློབ་མ་ཡང་འབྲུག་པ་མི་ཕམ་དབང་པོ། སྟག་རྩེ་བྱ་བྲལ་མི་ཕམ་ཕུན་ཚོགས་ཤེས་རབ། རབ་འབྱམས་པ་གྲུབ་ཆེན་རང་རིག་རྡོ་རྗེ། གློ་བོ་ཀུན་བཟང་འཇའ་ལུས་ཟང་ཐལ། ཟངས་དཀར་ཨ་ཏིང་གྲུབ་ཆེན་ངག་དབང་ཚེ་རིང་སོགས་མཁས་གྲུབ་མང་དུ་བྱུང་ངོ༌། །

{{#arraymap:གླང་སྣ་དང་པོ་སྤི་ཏིའི་གྲུབ་ཆེན་རང་རིག་རས་པ་ཀུན་དགའ་རྒྱ་མཚོ་

|; |@@@ | | }}