12014

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:34, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གླན་ཆུང་དར་མ་ཚུལ་ཁྲིམས་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་བཞི་པའི་སྨད་དུ་སྐུ་འཁྲུངས། ཆུང་ངུའི་དུས་ནས་བསྟན་པའི་ཆོས་སྒོར་ཞུགས། རབ་བྱུང་དང་། དགེ་ཚུལ་སློང་གི་སྡོམ་པ་བཞེས། འདུལ་བའི་ཆོས་གཞུང་སོགས་སྦྱངས། ལེགས་སྦྱར་གྱི་སྐད་ཡིག་ལ་དཔྱིས་ཕྱིན་པར་སྦྱངས་པའི་ལོ་ཙཱ་བ་ཞིག་ཡིན། ་བསྒྱུར་རྩོམ་ནི་བཀའ་འགྱུར་ལས། དཔལ་ཕྱག་ན་རྡོ་རྗེ་གསང་བ་བསྟན་པའི་རྒྱུད་ལེའུ་བདུན་པ་དང་། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གསང་བ་མངོན་པར་བསྟན་པའི་རྒྱུད་ཀྱི་རྒྱལ་པོ་ལེའུ་ཉི་ཤུ་རྩ་གཅིག་པ། བསྟན་འགྱུར་ལས་འཕགས་པ་འཇིག་རྟེན་དབང་ཕྱུག་གསང་བའི་སྒྲུབ་ཐབས། ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྒྲུབ་ཐབས། ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་དཀྱིལ་འཁོར་གྱི་ཆོ་ག རྟ་མགྲིན་གྱི་སྒྲུབ་ཐབས། ཚེ་དཔག་ཏུ་མེད་པའི་སྦྱིན་སྲེག་གི་ཆོ་ག ནང་སྒྲུབ་ཡིད་བཞིན་ནོར་བུ། དཔལ་ཕྱག་ན་རྡོ་རྗེ་སྒྲུབ་ཐབས། རིགས་སྔགས་བཅད་པ་དང་མནན་པའི་ཆོ་ག དཔལ་ཕྱག་ན་རྡོ་རྗེའི་སྦྱིན་སྲེག་མདོར་བསྡུས། ཀླུ་གཏོར་རྒྱག་པ། རྡོ་རྗེ་གཏུམ་པོའི་དཀྱིལ་འཁོར་གྱི་ཆོ་ག་བཟང་པོ་མདོར་བསྡུས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་སྒྲུབ་ཐབས་བཅས་བཞུགས།

{{#arraymap:གླན་ཆུང་དར་མ་ཚུལ་ཁྲིམས་

|; |@@@ | | }}