12015
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | དུས་རབས་བཅུ་གཅིག་པའི་སྨད་དུ་འཁྲུངས། སྙན་གྲགས་ཅན་གྱི་ཐོག་མར་བོད་ཡུལ་ནས་སློབ་གཉེར་མཛད། ཁ་ཆེ་དང་། བལ་ཡུལ། རྒྱ་གར་སོགས་སུ་ཕེབས། པཎ་གྲུབ་མང་པོའི་ཞབས་ལ་གཏུགས། རྒྱ་གཞུང་དང་ལེགས་སྦྱར་གྱི་སྐད་ལ་སྦྱངས་པ་དཔྱིས་ཕྱིན་པའི་ལོ་ཙཱ་བ་ཞིག་ཡིན། བསྒྱུར་རྩོམ་ནི་བཀའ་འགྱུར་ལས་དེ་བཞིན་གཤེགས་པའི་རིགས་སུ་གཏོགས་པའི་བཀའ་ཉན་ཁྲོ་བོའི་རྒྱལ་པོ་མི་གཡོ་བའི་རྟོག་པ་སྟོབས་དཔག་ཏུ་མེད་པ་རྟུལ་ཕོད་པ་འདུལ་བར་གསུང་པའི་རྒྱུད་ཀྱི་རྒྱལ་པོ་དང་། བསྟན་འགྱུར་ལས་འགྲེལ་བ་རབ་ཏུ་གསལ་བའི་ཁ་སྦྱོར་གྱི་རྒྱ་ཆེར་འགྲེལ་བ། བཅོམ་ལྡན་འདས་དགྱེས་པའི་རྡོ་རྗེའི་སྒྲུབ་ཐབས་དེ་ཁོ་ན་ཉིེད་བཞིའི་རིམ་པ། གཏོར་མའི་ཆོ་ག ཀྱེའི་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག མན་ངག་གི་རིམ་པ་གསུམ་པ། གོ་བར་བྱེད་པའི་སྙིང་པོ་བརྒྱ་བ། དཔལ་དགྱེས་པ་རྡོ་རྗེའི་སྒྲུབ་ཐབས་རིན་པོ་ཆེའི་སྒྲོན་མ། རོ་སྲེག རིམ་པ་ལྔའི་བཤད་པ། རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་ཀྱི་འགྲེལ་བ་རིན་པོ་ཆེའི་ཕྲེང་བ། འཇམ་དཔལ་འཇིགས་བྱེད་མཚན་གྱི་བསྟོད་པ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་རྡོ་རྗེ་འོད། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་གྱི་ཆོ་ག་གསལ་བ། འཕགས་མ་སྒྲོལ་མའི་རྗེས་སུ་སྤྱོད་པའི་གནོད་སྦྱིན་མོའི་སྒྲུབ་ཐབས་བཅས་བཞུགས། |
{{#arraymap:གླན་དར་མ་བློ་གྲོས་
|; |@@@ | | }}