12051

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:35, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གླིང་ཆུ་ངོགས་དགོན་པ་ (1)
Part of speech མིང་ཚིག
Definition དོན་བརྒྱུད་དཔལ་ལྡན་འབྲུག་པ་བཀའ་བརྒྱུད་ཀྱི་གདན་ས་གླིང་ཆུ་ངོགས་དགོན་པ་ནི། འཛམ་གླིང་ལྷོ་ཕྱོགས་གངས་ལྗོངས་ཁ་བ་ཅན་གྱི་ཡུལ་གྲུ་རྒྱ་གར་རྡོ་རྗེ་གདན་གྱི་བྱང་ཕྱོགས་རི་བོ་ཧི་མ་ལ་ཡ་སོགས་ཀྱིས་བསྐོར་བའི་གནས་མཆོག་མདོ་སྨད་སྒང་དྲུག་རི་བོའི་ནང་གསེས་འབྲི་ཟླ་ཟལ་མོ་སྒང་གི་གཡོན་ཟུར་བྱང་བཞུད་ཟླ་ཆུ་སྔོན་མོའི་ཉེ་འགྲམ། ས་སྐྱོང་གླིང་ཚང་རྒྱལ་པོའི་མངའ་འབངས་མཛེས་ཡུལ་གཡང་སྡེ་ཕྱུག་མོ་རུ་ཆགས་ཡོད། གདན་ས་འདི་ནི་འབྲུག་ཀུན་མཁྱེན་པདྨ་དཀར་པོའི་གསང་སྤྲུལ་རྟོགས་ལྡན་པད་དཀར་སྒྲུབ་བརྒྱུད་ཕྲིན་ལས་རྣམ་རྒྱལ་མཆོག་གིས། རབ་བྱུང་བཅུ་པའི་སྟོད་ཙམ་དུ་ཕྱག་བཏབ་མཛད། དེ་ནས་བཟུང་ཆུ་ངོགས་པད་དཀར་སྐུ་རབས་རིམ་བྱོན་དང་། ཁམས་པ་ཀརྨ་བསྟན་འཕེལ་གྱི་དངོས་སློབ་རྒྱ་མཚོ་རྣམ་དགུའི་ཞལ་གྲས་ནོར་སྒང་ཀརྨ་རྒྱ་མཚོ་སྐུ་རབས་རིམ་བྱོན་དང་། པད་དཀར་དབོན་སྤྲུལ་སྐུ་རབས་རིམ་བྱོན་བཅས་ཕེབས། དེང་སྐབས་གདན་ས་འདིར་ནཱ་རོ་ཆོས་དྲུག་གི་སྒྲུབ་གྲྭ། སུམ་རྟགས་སྙན་གསུམ་སོགས་ཐུན་མོང་དང་ཐུན་མིན་གྱི་འཛིན་གྲྭ་ཁག་བཅུ་ཙམ་གྱི་བཤད་པའི་སྡེ་ཚུགས་ཤིང་། གཞན་ཡང་དགོན་པའི་ཀློག་གྲྭ་དང་། བདེ་མགོན་ཕུར་གསུམ་སོགས་ཏེ་འཆར་ཅན་གྱི་དུས་མཆོད་རིམ་པ་ཁག་བཅུ་ལྷག་རེ་ལོ་ལྟར་ཆགས་མེད་དུ་འཚོགས་པ་དང་། འདུལ་བ་གཞི་གསུམ་གྱི་ཕྱག་ལེན་ཆ་ཚང་བ་བཅས་བཞུགས་པ་དང་། རྒྱུན་བཞུགས་ཀྱི་དགེ་འདུན་པ་བརྒྱ་ཕྲག་གཅིག་ལྷག་ཙམ་བཅས་ཆུ་ངོགས་པད་དཀར་སྐུ་ཕྲེང་དགུ་པ་དཔལ་ལྡན་སྒྲུབ་བརྒྱུད་ཚེ་དབང་བདེ་ཆེན་ཉི་མ་རིན་པོ་ཆེ་མཆོག་འཛད་ཕྲིན་རྒྱས་བཞིན་ད་ལྟ་ཞལ་བཞུགས་བཞིན་པ་ཡིན།

{{#arraymap:གླིང་ཆུ་ངོགས་དགོན་པ་

|; |@@@ | | }}