12058
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རབ་བྱུང་བཅུ་གསུམ་པའི་ཆུ་སྦྲུལ་ཕྱི་ལོ་ ༡༡༧༣ ལོར་མདོ་སྨད་བསང་སྤྱིའི་ལྷ་སྡེར་ཡབ་ངག་དབང་གི་སྲས་སུ་འཁྲུངས། ཆུང་དུས་ནས་ཀུན་མཁྱེན་སྐུ་ཕྲེང་གསུམ་པས་སྐུ་གོང་མའི་སྤྲུལ་སྐུར་ཐུགས་ཐག་བཅད། རབ་བྱུང་དང་དགེ་ཚུལ་བསྒྲུབས། སྣང་ར་བཟང་པོ་བཀྲ་ཤིས་ལས་ཡི་གེའི་སྦྱོར་ཀློག་དང་། འདོན་ཆོས་སྤྱོད་བཅས་སྦྱངས། བཅུ་གཉིས་པར་གླིང་འཇམ་དབྱངས་ཀྱིས་ཁུར་བླངས་ཏེ་ཆོས་གྲྭར་ཞུགས། དཔོན་སློབ་རབ་བརྟན་རྒྱ་མཚོ་སོགས་བསྟེན། བསྡུས་གྲྭ་དང་གཞུང་བཀའ་པོད་ལྔ་ལ་ཐོས་བསམ་མཛད། སྨོན་རམས་དང་རྡོ་རམས་པའི་མཚན་བཏགས་བཞེས། རྩིས་དཀར་ནག་དང་། སྒྲ་སྙན་ངག བཟོ་གསོ་བ་བཅས་ལའང་ཤིན་ཏུ་མཁས། ཀུན་མཁྱེན་སྐུ་ཕྲེང་སྔ་ཕྱི་དང་། གུང་ཐང་འཇམ་པའི་དབྱངས། ཧོར་ཚང་གསེར་ཁྲི་རིན་པོ་ཆེ། བཀའ་འགྱུར་བ་འཇིགས་མེད་རབ་རྒྱས་སོགས་ལས་ཟབ་ཆོས་རྒྱ་ཆེར་གསན། དམུ་དགེ་དགོན་དང་། མཛོད་དགེ་དགོན་གསར་རབ་རྒྱས་གླིང་གི་བླ་མ་མཛད། མདོ་སྔགས་ཀྱི་འཆད་ཉན་སྤེལ། བླ་བྲང་བཀྲ་ཤིས་འཁྱིལ་གྱི་རྒྱུད་པའི་ཁྲི་དང་། གདན་སའི་ཁྲི་ལ་བཞུགས། གཟིམ་ཁང་དང་མགོན་ཁང་། རྣམ་སྲས་ཁང་བཅས་གསར་བཞེངས་གནང། རི་བོ་དྭངས་བསིལ་དང་། པེ་ཅིང་གྱི་ཙན་དན་ཇོ་བོ། གླང་ཆེན་འགྱིང་རི་བཅས་ལ་མཆོད་མཇལ་མཛད། ཚ་གན་པེ་ཤིང་དང་ཨུ་རྒེ་གྲྭ་ཚང་གི་བླ་མར་བཞུགས། རབ་བྱུང་བཅུ་བཞི་པའི་ས་ཁྱི་ཕྱི་ལོ་ ༡༨༣༨ ལོར་སྐུ་གཤེགས། གསུང་རྩོམ་ཡང་བསྟོད་ཚོགས་དང་། ཕར་ཕྱིན་རྩོམ་འཕྲོ་ཅན་སོགས་ཐོར་བུ་བཞུགས། བླ་བྲང་དགོན་པའི་གདན་རབས་ཉེར་བརྒྱད་པ་ཡིན། |
{{#arraymap:གླིང་དཀོན་མཆོག་དགྱེས་པའི་བློ་གྲོས་
|; |@@@ | | }}