12094

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:35, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གླིང་རིན་པོ་ཆེ་ (1)
Part of speech མིང་ཚིག
Definition རབ་བྱུང་ལྔ་པའི་ས་སྟག་ཕྱི་ལོ་ ༡༢༧༨ ལོར་འབྲི་གུང་གཞུ་སྨད་དུ་ཡབ་རྡོ་རྗེ་རྒྱལ་མཚན་གྱི་སྲས་སུ་འཁྲུངས། དྲུག་པར་གྲགས་པ་བསོད་ནམས་ལས་རབ་ཏུ་བྱུང་། མཚན་ལ་རྡོ་རྗེ་རིན་ཆེན་ཞེས་གསོལ། གྲུབ་ཆེན་ས་ར་ཧའི་རྣམ་འཕྲུལ་ཡིན་པར་ལུང་བསྟན། རབ་བྱུང་ལྔ་པའི་ལྕགས་སྟག་ཕྱི་ལོ་ ༡༢༩༠ ལོར་ས་སྐྱ་པས་འབྲི་གུང་ལ་དམག་དྲངས། ཕམ་ཉེས་ཚབས་ཆེན་བྱུང་བས་འབྲི་གུང་གླིང་ལོག་བྱུང་། ཀོང་པོར་ཕེབས། བཅུ་གསུམ་པར་འབྲི་གུང་སྒོམ་པའི་གོ་སར་བཀོད། བཅུ་དགུ་པར་འབྲི་གུང་བྱང་ཆུབ་གླིང་གི་གདན་སར་ཕེབས། ཉེར་གཅིག་པར་སྐུ་མཚམས་བཞུགས། ཉེར་བརྒྱད་པར་གངས་ཏི་སི་དང་། ཙ་རི་སོགས་ལ་ཕེབས། ཆོས་ཀྱི་འཁོར་ལོ་བསྐོར། གདན་ས་ལོ་བཅོ་བརྒྱད་རིང་བསྐྱངས། སོ་བརྒྱད་པ་རབ་བྱུང་ལྔ་པའི་ཤིང་ཡོས་ཕྱི་ལོ་ ༡༣༡༥ ལོར་སྐུ་གཤེགས། འབྲི་གུང་བྱང་ཆུབ་གླིང་གི་གདན་སའི་མཁན་རབས་བརྒྱད་པ་ཡིན།
Synonyms བཅུ་གཉིས་པ་རྡོ་རྗེ་རིན་ཆེན། འབྲི་གུང་རྡོ་རྗེ་རིན་ཆེན།

{{#arraymap:གླིང་རིན་པོ་ཆེ་

|; |@@@ | | }}