12124
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། འདུལ་བ། གླེང་གཞི་ནི་བྲམ་ཟེའི་དགའ་འདུན་རྣམས་སྦོམ་དགའ་མོའི་དྲུང་དུ་སོང་སྟེ། བདག་ཅག་ལ་ཡང་གླུ་སློབས་ཤིག་ཅེས་ཟེར་བ་ན། དེས་དེ་དག་ལ་གླུ་སློབ་པར་བྱེད། གླུ་སྟོན་པར་བྱེད་པ་ལས་གླུ་ལེན་པ་བཀག་གོ །དགག་བྱ་ནི་རྒོད་བག་འཕེལ་བའོ། །དགེ་སློང་མ་རང་གིས་གླུ་ལེན་པ་ལ་ལྟུང་བྱེད་དུ་འགྱུར་རོ། །ཊཱིཀ་ལས་ཐ་ན་ཚིགས་སུ་བཅད་པ་ཙམ་འདོན་པ་ཡང་ངོ་ཞེས་སོ། །དཀོན་མཆོག་གསུམ་ལ་མཆོད་པའི་ཕྱིར་གར་བྱེད་དུ་བཅུག་པ་ལ་ཉེས་མེད་ཅེས་མའི་སོ་ཐར་འགྲེལ་ལས་བཤད་དོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:གླུ་ལེན་པའི་ལྟུང་བྱེད་
|; |@@@ | | }}