12158

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:36, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གླེང་གཞི་ (1)
Part of speech མིང་ཚིག
Definition གྲོས་མོལ་དང་སྐད་ཆ་བཤད་རྒྱུའི་གཞིའམ་རྩ་བའི་དོན་ཏེ།
Example ཚོགས་འདུའི་གླེང་གཞི། དེ་རིང་གི་གླེང་གཞི་འདོན་མཁན་སློབ་གཙོ་རེད་ཅེས་པ་ལྟ་བུ།

{{#arraymap:གླེང་གཞི་

|; |@@@ | | }}

གླེང་གཞི་ (2)
Part of speech མིང་ཚིག
Definition རྩོད་རྙོག་སོགས་ཀྱི་འབྱུང་གཞིའམ་རྒྱུ་རྐྱེན་ཏེ།
Example ཁོ་མིན་ན་གླེང་གཞི་འདི་འདྲ་ཞིག་ཡོང་སྟངས་མེད་ཅེས་པ་ལྟ་བུ།

{{#arraymap:གླེང་གཞི་

|; |@@@ | | }}

གླེང་གཞི་ (3)
Part of speech མིང་ཚིག
Definition བསྟན་བཅོས་གང་ཞིག་རྩོམ་དགོས་པའི་རྒྱུ་མཚན་དང་དེའི་བརྒྱུད་རིམ་སོགས་སྔོན་དུ་བརྗོད་པའི་ཚན་པ།

{{#arraymap:གླེང་གཞི་

|; |@@@ | | }}

གླེང་གཞི་ (4)
Part of speech མིང་ཚིག
Definition ས་བཅད་དང༌། དཀར་ཆག་བཅས་ཀྱི་དོན་ལའང་འཇུག

{{#arraymap:གླེང་གཞི་

|; |@@@ | | }}

གླེང་གཞི་ (5)
Part of speech མིང་ཚིག
Definition བཀའ་འགྱུར་རྒྱུད་འབུམ་བ་པར་བཞུགས།

{{#arraymap:གླེང་གཞི་

|; |@@@ | | }}

གླེང་གཞི་ (6)
Part of speech མིང་ཚིག
Definition དམ་ཆོས་འདུལ་བའི་བཅས་པ་མཛད་སྐབས་ཀྱི་བྱུང་རྐྱེན་གྱི་ལོ་རྒྱུས་ཏེ།
Example ཕམ་པ་དང་པོའི་གླེང་གཞི་ལྟ་བུ།
Domain ཆོས་ལུགས།

{{#arraymap:གླེང་གཞི་

|; |@@@ | | }}

གླེང་གཞི་ (7)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྒྱུད་སྤྱིའི་གཞུང་གི་ལྡང་ཚད་བཞིའི་ཡ་གྱལ་ཏེ། དཀོན་ཅོག་འགྲེལ་ལས། དེ་ལ་གླེང་གཞི་ནི་ཕུན་སུམ་ཚོགས་པ་ལྔའི་ལོ་རྒྱུས་བརྗོད་པ་སྟེ། གཞི་ཅི་ལས་གླེང་བསླང་བའི་བཅས་རྒྱུད་སྟོན་པས་གླེང་གཞི་ཞེས་བྱའོ། །ཡང་རྣམ་པ་གཅིག་ཏུ་ནི། ད་ན་ཞེས་བྱ་སྟེ། ངེས་པ་སྦྱིན་པར་བྱེད་པ་སྟེ། གང་དག་ཕྱིར་གྱུར་པ་རྣམས་བཀའ་མ་ཡིན་པར་ཐེ་ཚོམ་ཟ་བ་དག་ལ། དབང་པོ་དང་དོན་རྟགས་བརྗོད་པས་ཡིད་ཆེས་པར་འགྱུར་ཞིང་བློ་ལ་ངེས་པ་སྦྱིན་པར་བྱེད་པས་དེ་སྐད་ཅེས་བྱའོ། །དེ་ལ་ཕུན་སུམ་ཚོགས་པ་ལྔ་ནི། སྟོན་པ་དང་། གནས་དང་། འཁོར་དང་། དུས་དང་། རྒྱུད་རྣམས་རང་རང་གི་ཡོན་ཏན་རྫོགས་པའམ་སྤྱིར་རྒྱུ་རྐྱེན་ཚང་བའི་ཕྱིར་ཕུན་སུམ་ཚོགས་པ་ཞེས་བྱའོ། །ཞེས་གསུངས།

{{#arraymap:གླེང་གཞི་

|; |@@@ | | }}