12219

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:37, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གླེང་བའི་བྱ་བ་ཇི་ལྟར་སྒྲུབ་པ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། བྱེ་བྲག་སྨྲ་བ། ཡོངས་སྦྱོང་གི་གཞིའི་སྐབས་སུ་གླེང་བའི་བྱ་བ་ཇི་ལྟར་སྒྲུབ་པ་ནི། པཎ་ཆེན་འདུལ་བ་ལས། ཉེས་པ་གླེང་བའི་སྐབས་ཕྱིར་ཞིག ། ཅེས་བརྗོད་པའི་ཚེ་སྐབས་མི་འབྱེད་པ་དང། འབྱེད་པ་གཉིས་ལས། དང་པོ་ལ། ཕྱོགས་མཐའ་དག་ལ་སྐབས་མི་འབྱེད་པ་དང། ཕྱོགས་འགའ་མི་འབྱེད་པ་གཉིས་ལས། དང་པོ་ལ་བཞམས་བསྒོ་སོགས་ཀྱིས་བཟློག་ཀྱང་མ་བཏང་ན། བཀའ་བློ་མི་བདེ་བའི་དགེ་འདུན་ལྷག་མ་བསྐྱེད། དེ་ཉིད་བཞི་བསྟུད་དུ་བྱེད་ཅིང་མ་བཏང་ན་སྨད་པ་ནན་ཏུར་བྱ། དེས་མ་བཏང་ན་གནས་དབྱུང་བྱ་བ་དང་། གཉིས་པ་ཕྱོགས་འགའ་ལ་མི་འབྱེད་ན། བརྗོད་པ་དང་བཅས་པའི་ནན་ཏུར་བྱེད། དེས་མ་ཐུལ་ན་གདམས་ངག་དང་། གསོ་སྦྱོང་དང་། དགག་དབྱེ་བཞག་པར་བྱ་བ་དང་། དེས་མ་ཐུལ་ན་གནས་དབྱུང་བྱ་བ་དང་། གཉིས་པ་སྐབས་འབྱེད་པ་ལ། མི་མཉེན་པར་འབྱེད་པ་དང་། མཉེན་པར་འབྱེད་པ་གཉིས་ལས། དང་པོ་ལ་ཕུར་བཅས་བྱེད། དེས་མ་ཐུལ་ན་གདམས་ངག་འཇོག་པ་ནས་གནས་དབྱུང་གི་བར་བྱེད་པ་དང་། ཕུར་བཅས་ཞེས་པ་ཡང་། རྟ་རྨུ་རྒོད་ཕུར་པ་དང་བཅས་ནས་བཏང་ན་ཕུར་བཅས་སུ་གྲགས་པར་འགྱུར་བ་ལྟར། དགེ་སློང་ལྟུང་བ་དང་བཅས་པར་གྲགས་སུ་གཞུག་པ་ཡིན་ནོ། །གཉིས་པ་སྐབས་མཉེན་པར་འབྱེད་ན་ལྟུང་བ་གླེང་བར་བྱ་ཞིང་གླེང་བ་ན་ལྟུང་བ་ཁས་མི་ལེན་པ་དང་ལེན་པ་གཉིས་ལས། དང་པོ་ལའང་རྗེད་ནས་ཁས་མི་ལེན་ན་ངོ་བོ་ཉིད་ཚོལ་བ་སྦྱིན། ཤེས་བཞིན་དུ་ཁས་མི་ལེན་ན་མ་མཐོང་བ་གནས་དབྱུང་བྱ་བ་དང་། ཆང་འཐུང་བ་ལྟ་བུའི་རྒྱུ་ཁས་བླངས་ནས་དེ་ལ་ལྟུང་བ་མི་འབྱུང་ཟེར་ནས་ལྟུང་བའི་ངོ་བོ་ཁས་མི་ལེན་ན་བཞམས་བསྒོ་སོགས་ཀྱིས་བཟློག །དེས་ཀྱང་མ་བཏང་ན་གནས་དབྱུང་བྱ། གཉིས་པ་ལྟུང་བ་ཁས་ལེན་པ་ལ་ཡང་། ལྟུང་བ་ཕྱིར་བཅོས་མི་བྱེད་པ་དང་། བྱེད་པ་གཉིས་ལས་དང་པོ་ལྟར་ན་གནས་དབྱུང་བྱ་བ་དང། གཉིས་པ་ལྟར་ན་ཚུལ་བཞིན་དུ་ཕྱིར་བཅོས་ལ་གཞུག་གོ །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:གླེང་བའི་བྱ་བ་ཇི་ལྟར་སྒྲུབ་པ་

|; |@@@ | | }}